བྱང་ཀོ་རི་ཡ་ལས་ འབྱོག་འོང་མི་ཅིག་ལུ་ ལྷོ་ཀོ་རི་ཡ་གིས་ བློན་པོ་འོག་མའི་གོ་གནས།

བི་བི་སི།
བྱང་ཀོ་རི་ཡའི་དོན་གཅོདཔ་ ཏཱེ་ཡང་ཧོ་ཟེར་མི་དེ་ ལྷོ་ཀོ་རི་ཡ་ལུ་ འབྱོག་འོང་ཡོདཔ་ལས་ ད་རེས་ ལྷོ་ཀོ་རི་ཡའི་ སྲིད་འཛིན་གྱི་ བློ་གྲོས་ཚོགས་སྡེའི་ འགོ་ཁྲིདཔ་སྦེ་ བློན་པོ་འོག་མའི་ གོ་གནས་གུ་ བསྐོ་བཞག་འབད་ཡོདཔ་ཨིན་པས།
སྐྱེས་ལོ་ ༦༢ འབད་མི་ ཏཱེ་ཡང་ཧོ་དེ་ སྤྱི་ལོ་ ༢༠༡༦ ལུ་ ལྷོ་ཀོ་རི་ཡར་ འབྱོག་མ་འོང་པའི་ཧེ་མར་ ཡུ་ཀེ་ལུ་ བྱང་ཀོ་རི་ཡའི་ གཞུང་ཚབ་ཡིག་ཚང་ནང་ གཞུང་ཚབ་འོགམ་སྦེ་ ཕྱག་ཞུ་ནུག།
སྤྱི་ཟླ་ ༥ པའི་ཚེས་ ༡༩ ལུ་ ལྷོ་ཀོ་རི་ཡའི་ སྲིད་འཛིན་གྱི་ ཡིག་ཚང་ནང་ལས་ ཏཱེ་ཡང་ཧོ་དེ་ དམངས་གཙོའི་རིང་ལུགས་ལུ་ གཞི་བརྟེན་འབད་དེ་ གཅིག་བསྒྲིལ་གྱི་ སྲིད་བྱུས་བརྩམ་ཐོག་ལུ་ ཞི་བདེའི་སྒོ་ལས་ རྒྱལ་ཁབ་ཕྱི་ནང་གཉིས་ཆ་ར་ལས་ རྒྱབ་སྐྱོར་ཚུ་ འཚོལ་ནིའི་དོན་ལུ་ འོས་འབབ་ཡོད་པའི་ མི་ངོམ་ཅིག་ཨིན་ཟེར་ བཤདཔ་ཨིན་པས།
ཏཱེ་ཡང་ཧོ་གིས་ བྱང་ཀོ་རི་ཡ་ བཀོག་བཞག་མི་དེ་ ཁོ་གི་ཨ་ལོ་ཚུ་གི་མི་ཚེ་ སྡུག་སྦྱོང་ཅན་སྦེ་ མི་བཞག་ནི་གི་ ཐབས་ཤེས་སྦེ་ཨིན་པའི་ཁར་ ཀིམ་ཇོང་ཨཱན་གྱི་ གཞུང་སྐྱོང་དེ་ ཞེན་པ་ལོག་སི་སི་ཅིག་ཨིནམ་སྦེ་ཡང་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: