
ཨཱལ་ཇ་ཟི་ར།
ཨིཛ་རེལ་གྱིས་ པེ་ལིཛ་ཊིན་གྱི་ ཁྲོམ་ཚོགས་ག་ཟ་ལུ་ རྒྱལ་སྤྱིའི་ཁྲིམས་ལུགས་ལས་འགལ་བའི་ དྲག་ཐོག་གནོད་འཚུབ་ཚུ་ བཀལ་བཞིན་དུ་ཡོད་རུང་ ཡུ་ཨེཛ་གིས་ ཌོ་ལར་ཐེར་འབུམ་ ༢༠ གནས་པའི་ གོ་མཚོན་ཚུ་ ཨིཛ་རེལ་ལུ་ སྤོ་བཤུད་འབད་ནི་གི་ གནང་བ་གྲོལ་ནུག།
དེ་ཡང་ སྤྱི་ཟླ་ ༨ པའི་ཚེས་ ༡༣ ལུ་ ཡུ་ཨེཛ་གི་ རྒྱལ་ཁམས་དྲུང་ཆེན་ ཨེན་ཊོ་ནི་ བི་ལིང་ཀེན་གྱིས་ མཁའ་དམག་གནམ་གྲུ་དང་ མི་ཛ་ཡེལ་ལ་སོགས་པའི་ གོ་མཚོན་ཚུ་ ཨིཛ་རེལ་ལུ་ བཙོག་ཆོག་པའི་ གནང་བ་གྲོལ་མི་དེ་ ཨིཛ་རེལ་གྱི་ སྲུང་སྐྱོབ་གོང་འཕེལ་དང་ རྒྱུན་སྐྱོང་བཙན་ཐབས་ཀྱི་སྒོ་ལས་ རྒྱལ་ཁབ་རང་སྲུང་གི་ ལྕོགས་གྲུབ་གྲ་འགྲིག་བཟོ་ཐབས་ལུ་ཨིན་ཟེར་ བཤད་ཡོདཔ་ཨིན་པས། .
ཡུ་ཨེཛ་གིས་ དེ་བཟུམ་མའི་ གོ་མཚོན་བཙོང་ནི་གི་ གསལ་བསྒྲགས་དེ་ཡང་ མདང་ཞག་ ཨིརཱན་ལུ་ ཧ་མཱཛ་གི་གཙོ་འཛིན་ དམར་བསད་འབད་བའི་ཤུལ་ལས་ ཨི་རཱན་དང་ ལེ་བ་ནོན་ལུ་ཡོད་མི་ ཨེཛ་བོ་ལ་ དྲག་དམག་ཚུ་གིས་ ཨིཛ་རེལ་ལུ་ དགྲ་ལན་འཇལ་ནི་བཟུམ་ཅིག་ཡོདཔ་ཨིན་པས།
ཡུ་ཨེཛ་གི་སྲིད་འཛིན་ བ་ཡེ་ཌེན་གྱིས་ གལ་སྲིད་ ཨིཛ་རེལ་དང་ ཧ་མཱཛ་གི་བར་ན་ ག་ཟའི་ཕྱད་མདའ་དེ་ མཚམས་འཇོག་འབད་ཚུགས་པ་ཅིན་ ཨི་རཱན་གྱི་ དགྲ་ལན་དེ་ བཀག་ཚུགས་འོང་ཟེར་ཨིནམ་ད་ ད་ཚུན་གྱི་བར་ན་ ཕྱག་མདའ་དེ་ལུ་བརྟེན་ཏེ་ མང་ཤོས་ཨམ་སྲུ་ཨིན་མི་ མི་གྲངས་ ༤༠,༠༠༠ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག།
ལ་ལོ་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཡུ་ཨེཛ་གིས་ ཨིཛ་རེལ་ལུ་ གོ་མཚོན་གྱི་ རྒྱབ་སྐྱོར་འབདཝ་ལས་ ཁོང་ཡང་ ཨིཛ་རེལ་དང་གཅིག་ཁར་ ག་ཟ་ལུ་ གནོད་འཚུབ་བཀལ་ནིའི་ནང་ གྲལ་གཏོགས་ཡོད་པའི་གྲངས་སུ་ ཚུད་སྲིད་ནི་དེ་གིས་ ཨིཛ་རེལ་ལུ་ གོ་མཚོན་སྤོ་བཤུད་འབད་ནི་དེ་ བཀག་དམ་འབད་དགོ་པའི་ ནན་སྐུལ་ཚུ་ཡང་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།




Users Today : 785
Users Yesterday : 6933
This Month : 65154
This Year : 293995
Total Users : 1005811
Views Today : 7776
Total views : 2924193
Who's Online : 6