མཐའ་ཡས་ལེན་གྱི་བློན་ཆེན་ སེ་རེ་ཐ་ ཐ་ཝི་སིན་དེ་ ཁྲིམས་འདུན་ལས་ཕྱིར་དབྱུང་།

རོའི་ཊརཛ།
སྤྱི་ཟླ་ ༨ པའི་ཚེས་ ༡༤ ལུ་ མཐའ་ལེན་གྱི་བློན་ཆེན་ སེ་རེ་ཐ་ ཐ་ཝི་སིན་དེ་ ཀུན་སྤྱོད་ལས་འགལ་བའི་ ཉེས་འཛུགས་ཐོག་ལུ་ རྩ་ཁྲིམས་ཅན་གྱི་ ཁྲིམས་འདུན་ལས་ ཕྱིར་དབྱུང་འབད་ཡོདཔ་ད་ བློན་ཆེན་དེ་ལུ་ ཧེ་མ་ བཙོན་ཁྲིམས་འབག་མི་ཅིག་ བློན་པོ་སྦེ་ བསྐོ་བཞག་འབད་བའི་ ཉེས་པ་ཡང་ འཁྲི་ཡོདཔ་ཨིན་པས།
བློན་ཆེན་སེ་རེ་ཐ་དེ་ དུས་ཡུན་ལོ་ངོ་ ༡༦ གྱི་རིང་ལུ་ རྩ་ཁྲིམས་ཅན་གྱི་ ཁྲིམས་འདུན་ལས་ ཕྱིར་དབྱུང་འབད་ཡོད་པའི་ བློན་ཆེན་ ༤ པ་ཨིནམ་ད་ དྲང་དཔོན་ཚུ་གིས་ ཕྱིར་དབྱུང་གི་ ཚོགས་རྒྱན་བཙུགས་པའི་སྐབས་ལུ་ དྲང་དཔོན་ ༤ གིས་ ཕྱིར་དབྱུང་མིན་དགོ་དང་ དྲང་དཔོན་ ༥ གིས་ ཕྱིར་དབྱུང་འབད་དགོ་པའི་ ཚོགས་རྒྱན་བཙུགས་ཡོདཔ་ལས་ དྲང་བདེན་ཐོག་ལུ་ ཕྱག་ལཱ་གནང་ནི་ལས་ འཐུས་ཤོར་བྱུང་ཡོདཔ་སྦེ་ ཕྱིར་དབྱུང་འབད་ནུག།
སེ་རེ་ཐ་དེ་ བློན་ཆེན་གྱི་ གོ་གནས་ཁར་ ལོ་ངོ་ ༡ ཡང་ མ་ལངམ་ལས་ ཕྱིར་དབྱུང་འབད་ནི་དེ་གིས་ སྤྱི་ཚོགས་ཀྱིས་ བློན་ཆེན་གསརཔ་ བཙག་འཐུ་འགོ་འབད་དགོཔ་ཡོད་རུང་ འདས་པའི་ལོ་ངོ་བཅུ་ཕྲག་ ༢ ཀྱི་རིང་ལུ་ གཞུང་བཙན་དབང་དང་ ཕྱིར་དབྱུང་ལེ་ཤ་ཅིག་འབད་ཡོདཔ་ལས་ ཏན་ཏན་ག་ནི་ཡང་མེད་པའི་ གནས་སྟངས་ཅིག་ལུ་ གྱུར་ཡོདཔ་ཨིན་པས།
ཁྲིམས་འདུན་ལས་ དེ་བཟུམ་མའི་ འཁྲུན་ཆོད་བཏོན་ནི་དེ་གིས་ སྲིད་དོན་ནང་ དྲང་ཁྲིམས་ལྷན་སྡེ་གིས་ འགན་ཁུར་དེ་ གལ་ཆེ་བའི་ བརྡ་མཚོན་སྟོན་ཡོདཔ་ད་ འདས་པའི་བདུན་ཕྲག་ནང་ མུབ་ཕོར་ཝརཌ་ སྲིད་ཚོགས་དེ་ རྩ་ཁྲིམས་ཅན་གྱི་ རྒྱལ་བརྒྱུད་རིང་ལུགས་ལུ་ བརྙས་བཅོས་ཀྱི་ ཉེན་ཁ་ཡོདཔ་ལས་ ཁྲིམས་འདུན་གྱིས་ ཆ་མེད་བཏང་ནུག།
ད་ཚུན་གྱི་རིང་ལུ་ སེ་རེ་ཐའི་ ཕིའུ་མཐའ་ཡས་ སྲིད་ཚོགས་དེ་གིས་ མཐའ་ཡས་ལེན་ལུ་ ངེས་པ་མེད་པའི་ གནས་སྟངས་ཀྱི་ འགན་ཁུར་འབག་ཡོདཔ་ད་ ཧེ་མ་ ཁོ་གི་སྲིད་ཚོགས་ གཞི་བཙུགས་འབད་མི་ ཤི་ན་ཝ་ཏ་ར་ བཟའ་ཚང་དང་ ཁོང་ལུ་མ་རངས་མིའི་བར་ན་ འུར་ཟིང་ལངས་ཏེ་ ཁོང་གི་གཞུང་དེ་ ལན་ཐེངས་ ༢ བཙན་དབང་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: