ཡུ་ཀེ་རེན་གྱིས་ ར་ཤི་ཡའི་ གནམ་ཐང་ཚུ་ལུ་གནོད་འཚུབ།

སི་ཨེན་ཨེན།

ཡུ་ཀེ་རེན་གྱི་ དམག་མི་ཚུ་གིས་ ར་ཤི་ཡའི་ ས་མཚམས་ནང་འཁོད་ལུ་ མདུན་བསྐྱོད་འབད་དོ་ཡོདཔ་ད་ དེ་ཡང་ སྤྱི་ཟླ་ ༨ པའི་ཚེས་ ༡༥ ལུ་ ར་ཤི་ཡའི་ གནམ་ཐང་ ༤ ལུ་ དམིགས་གཏད་བསྐྱེད་དེ་ ཕྱད་མདའི་གནམ་གྲུ་ཆུང་བ་ཌྲཱོན་ཚུ་ ལག་ལེན་འཐབ་སྟེ་ གནོད་འཚུབ་བཀལ་ནུག།

དེ་སྦེ་ གནོད་འཚེབ་བཀལ་མི་ གནམ་ཐང་ཚུ་ཡང་ ར་ཤི་ཡའི་ ས་ཁོངས་ཀརཛ་དང་ ཝོ་རོ་ནེཛ་ ནིཛ་ནི་ནོབ་གོ་རོད་ དེ་ལས་ རྒྱལ་ས་མོཛ་ཀོའི་ ཤར་ཕྱོགས་ས་ཁོངས་ཚུ་ནང་ཨིན་པས།

ས་ཐོག་དམག་འཁྲུག་ནང་ཡང་ ཡུ་ཀེ་རེན་གྱི་ དམག་མི་ཚུ་གིས་ ར་ཤི་ཡའི་ མི་སེར་སྟོང་ཕྲག་ལས་བཅད་དེ་ རང་སོའི་སྡོད་ཁྱིམ་ནང་ལས་ བཏོན་བཏང་ཡོདཔ་ད་ ར་ཤི་ཡའི་ ཁ་ཐུག་ལས་ ཡུ་ཀེ་རེན་གྱི་ དམག་མི་ཚུ་ རྒྱབ་བཤུད་རྐྱབ་ཐབས་ཚུ་ སྒྲིག་དོ་ཡོདཔ་ཨིན་པས།

ར་ཤི་ཡ་གིས་ ཀརཛ་ས་ཁོངས་ནང་ ཡུ་ཀེ་རེན་གྱི་ ཕྱད་མདའི་གནམ་གྲུ་ཌྲཱོན་ ༡༡༧ མེདཔ་བཏང་ཡོདཔ་མ་ཚད་ ཝོ་རོ་ནེཛ་ལུ་ཡང་ ཌྲཱོན་ ༣༥ ཕབ་བཏང་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: