
སྤྱི་ལོ་ ༢༠༢༣ ལུ་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་གིས་ གཞུང་ལུ་ ཁྲལ་ཕུལ་བའི་ཤུལ་ལས་ དངུལ་ཀྲམ་ཐེར་འབུམ་ ༨.༤༢ ཁེ་སང་ཐོབ་མི་དེ་ བརྒྱ་ཆ་ ༦༨.༥ དེ་ཅིག་ ཡར་འཕར་སོང་ཡོདཔ་ད་ དེ་ཡང་ སྤྱི་ལོ་ ༢༠༢༢ ལུ་ དངུལ་ཀྲམ་ཐེར་འབུམ་ ༤.༩༩ ཨིན་པས།
དེ་སྦེ་ ཁེ་སང་ཡར་འཕར་ཚུ་གི་གྲས་ལས་ མཐོ་ཤོས་ར་ ནུས་ཤུགས་དང་ འཐོན་སྐྱེད་ལས་སྡེ་ཚུ་གི་ འོང་འབབ་ཡོངས་བསྡོམས་ལས་ བརྒྱ་ཆ་ ༥༠.༤ དེ་ཅིག་ ཐོབ་མི་དེ་ སྤྱི་ལོ་ ༢༠༢༢ དང་ཕྱདཔ་ད་ བརྒྱ་ཆ་ ༡༧.༥༧ དེ་ཅིག་ ཡར་འཕར་སོང་ནུག།
དེ་ཡང་ འབྲུག་གློག་མེ་ལས་འཛིན་གྱིས་ ན་ཧིང་ གློག་མེ་ཡུ་ནིཊ་ས་ཡ་ ༥,༦༨༩.༧༤ བཙོང་ཐོག་ལས་ དངུལ་ཀྲམ་ཐེར་འབུམ་ ༢༠.༢༡ དེ་ཅིག་ འོང་འབབ་བཟོ་མི་ལས་ གཞུང་ལུ་ ཁྲལ་ཕུལ་བའི་ཤུལ་ལས་ དངུལ་ཀྲམ་ཐེར་འབུམ་ ༡.༥ དེ་ཅིག་ ཁེ་སང་ཐོབ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ རྒྱལ་ཁམས་ས་གཏེར་ལས་ཁུངས་ཀྱིས་ གཙོ་བོ་ར་ རྡོ་དཀར་ཚོང་འབྲེལ་ལུ་བརྟེན་ཏེ་ དངུལ་ཀྲམ་ཐེར་འབུམ་ ༦.༤༧ དེ་ཅིག་ འོང་འབབ་བཟོ་མི་དེ་ བརྒྱ་ཆ་ ༢༠.༥༥ དེ་ཅིག་ ཡར་འཕར་འགྱོ་མི་ལས་ གཞུང་ལུ་ ཁྲལ་ཕུལ་བའི་ཤུལ་ལས་ དངུལ་ཀྲམ་ཐེར་འབུམ་ ༢.༢༧ དེ་ཅིག་ ཁེ་སང་བཟོ་ཡོད་རུང་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱི་ཐེད་ཁར་ ནུས་ཤུགས་འཐོན་སྐྱེད་ མར་བབས་སོང་ཡོདཔ་ལས་ འོང་འབབ་ཡང་ དངུལ་ཀྲམ་ཐེར་འབུམ་ ༡༡.༦༧ དེ་ཅིག་ མར་བབས་སོང་ནུག།
བརྒྱུད་འཕྲིན་དང་ སྐྱེལ་འདྲེན་ལས་སྡེ་ཚུ་གིས་ འོང་འབབ་ཡོངས་བསྡོམས་ལས་ དངུལ་ཀྲམ་ཐེར་འབུམ་ ༡༠.༩༣ ཕན་གྲོགས་འབད་བའི་ཁར་ འབྲུག་བརྒྱུད་འཕྲིན་ཚད་ཀྱིས་ཡང་ དངུལ་ཀྲམ་ཐེར་འབུམ་ ༦.༡ འོང་འབབ་བཟོ་མི་ལས་ མོ་བཱ་ཡེལ་ཞབས་ཏོག་གིས་ དངུལ་ཀྲམ་ཐེར་འབུམ་ ༥.༣༩ ལྷན་ཐབས་འབད་ཡོདཔ་ཨིན་པས།
འབྲུག་མཁའ་འགྲུལ་གྱི་ འགྲུལ་པ་ ༢༠༡.༩༧༩ ལུ་ ཡར་འཕར་སོང་ཡོདཔ་བཞིན་དུ་ གཞུང་ལུ་ ཁྲལ་ཕུལ་བའི་ཤུལ་ལས་ དངུལ་ཀྲམ་ས་ཡ་ ༢༩༡.༣༤ དེ་ཅིག་ ཁེ་སང་བཟོ་ཡོདཔ་ད་ སྤྱི་ལོ་ ༢༠༢༢ ལུ་འབད་བ་ཅིན་ དངུལ་ཀྲམ་ཐེར་འབུམ་ ༡.༡༥ དེ་ཅིག་ གྱོང་རྒུད་ཕོག་ཡོད་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1437178
Views Today :
Total views : 5000
Who's Online :