
རོའི་ཊརཛ།
སྤྱི་ཟླ་ ༩ པའི་ཚེས་ ༥ ལུ་ ཨིན་ཌོ་ནེ་ཤི་ཡའི་སྲིད་འཛིན་ ཇོ་ཀོ་ཝི་དོ་དོ་གིས་ གོང་འཕེལ་འགྱོ་ཚར་མི་ རྒྱལ་ཁབ་ཚུ་གིས་ རྒྱལ་ཁབ་ནང་ ནུས་ཤུགས་གཞི་སྒྱུར་དང་ གནམ་གཤིས་འགྱུར་བའི་ དཀའ་ངལ་སེལ་ཐབས་ཚུ་ལུ་ མ་རྩ་གཞི་བཙུགས་འབད་དགོ་པའི་ ནན་སྐུལ་འབད་ནུག།
དེ་ཡང་ ཁོང་གི་རྒྱལ་ཁབ་ནང་ ནུས་ཤུགས་སླར་འབྱུང་གོང་འཕེལ་དང་ བཙོག་རླུང་ཀཱར་བཱོན་གྱི་ ཐོན་ཤུགས་མར་ཕབ་འབད་ནིའི་ནང་ གོ་སྐབས་སྦོམ་སྦེ་ཡོད་ཟེར་ བཤད་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཤར་ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ ཨིན་ཌི་ནེ་ཤི་ཡ་ལུ་ ནུས་ཤུགས་སླར་འབྱུང་གི་ལྕོགས་གྲུབ་ གི་ག་ཝཱཊ་ ༣,༦༠༠ ལྷགཔ་ཅིག་ཡོད་པའི་ཁར་ ས་ཆ་ཨེ་ཀར་ས་ཡ་ ༨.༣ དེ་ཅིག་གི་རྩིས་ ཤིང་སྣ་ཚུ་གིས་ གང་སྟེ་ཡོདཔ་ལས་ བཙོག་རླུང་ཀཱར་བཱོན་ཡང་ རྒྱ་ཆེ་ཏོག་ཏོ་སྦེ་ སིམ་ནི་གི་ གོ་སྐབས་ཡོདཔ་སྦེ་བཤད་ནུག།
ཨིན་རུང་ གོང་འཕེལ་འགྱོ་ཚར་མི་ རྒྱལ་ཁབ་ཚུ་གིས་ མ་རྩ་གཞི་བཙུགས་དང་ ཞིབ་འཚོལ་དང་ གོང་འཕེལ་ཚུ་ ཁྱབ་ཆེ་ཏོག་ཏོ་སྦེ་ བརྗེ་སོར་མ་འབད་བ་ཅིན་ ཁེ་ཕན་ག་ནི་ཡང་ མི་འབྱུང་ནི་མས་ཟེར་ཨིནམ་ད་ དེ་ཡང་ རྒྱལ་ས་རྒྱ་ཀར་ཊ་ལུ་ ཨིན་ཌོ་ནེ་ཤི་ཡའི་ རྒྱལ་སྤྱི་ཡུན་བརྟན་གྲོས་འཛོམས་སྐབས་ལུ་ ད་རེས་ དགོངས་ཞུ་འབད་ནི་གི་ དུམ་ཁར་ལྷོད་དེ་ཡོད་མི་ སྲིད་འཛིན་ཇོ་ཀོ་ཝི་དོ་དོ་གིས་ བཤད་ཡོདཔ་ཨིན་པས།
ཨིན་ཌོ་ནེ་ཤི་ལུ་ གོང་འཕེལ་འགྱོ་ཚར་མི་ རྒྱལ་ཁབ་ཚོགས་པ་ སྡེ་ཚན་ ༧ ཟེར་མིའི་ ཁ་ཐུག་ལས་ ནུས་ཤུགས་གཞི་སྒྱུར་མཉམ་འབྲེལ་ལས་འཆར་ལུ་ ཌོ་ལར་ཐེར་འབུམ་ ༢༠ དེ་ཅིག་ མ་དངུལ་བྱིན་ནི་སྦེ་ ཁ་བཟེད་ཡོད་རུང་ ད་ཚུན་གྱི་བར་ན་ མ་དངུལ་ཉུང་མཐའ་ལས་རྒལ་ཏེ་ མ་ཐོབ་པར་ཡོདཔ་ད་ ཨིན་ཌོ་ནེ་ཤི་ཡ་གིས་ སྤྱི་ལོ་ ༢༠༦༠ འཐོནམ་ད་ རྒྱལ་ཁབ་ནང་ བཙོག་རླུང་ཀཱར་བཱོན་གྱི་ ཐོན་ཚད་དེ་ བརྒྱ་ཆ་ཀླད་ཀོར་ལུ་ བཀལ་ནི་གི་ དམིགས་དོན་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1392608
Views Today :
Total views : 5000
Who's Online :