
སྤྱི་ཟླ་ ༨ པའི་ཚེས་ ༣༠ ལུ་ གཞི་རྟེན་མཁོ་ཆས་དང་ སྐྱེལ་འདྲེན་ལྷན་ཁག་འོག་གི་ འབྲུག་བཟོ་བསྐྲུན་དང་ སྐྱེལ་འདྲེན་དབང་འཛིན་གྱིས་ གླ་འཁོར་དང་ སྐྱེལ་འདྲེན་བཱཛ་ཚུ་གི་ གླ་ཆའི་ཚད་གཞི་ཚུ་ གསལ་བསྒྲགས་འབད་ནུག།
དེ་ཡང་ གླ་འཁོར་གྱི་ གླ་ཆ་དེ་ ཀི་ལོ་མི་ཊར་རེ་གུ་ ཕབ་མི་དེ་ སྡོད་ཁྲི་ ༥ རེ་འབད་མི་ གླ་འཁོར་ཚུ་ལུ་ རང་རྐྱངམ་གཅིག་ འགྲོ་འགྲུལ་འབད་བ་ཅིན་ ཀི་ལོ་མི་ཊར་རེར་ གླ་ཆ་དངུལ་ཀྲམ་ ༢༥.༨༡ རེ་ སྤྲོད་དགོཔ་ད་ གལ་སྲིད་ སྡོད་ཁྲི་ ༥ རེ་འབད་མི་ གླ་འཁོར་ཚུ་ནང་ འགྲུལ་པ་ ༤ སྦེ་ ཀི་ལོ་མི་ཊར་ ༡ གི་རིང་ལུ་ འགྱོ་བ་ཅིན་ འགྲུལ་པ་རེ་ལུ་ དངུལ་ཀྲམ་ ༦.༤༥ རེ་ལས་ མི་གནས་ནི་ཨིན་པས།
ཨིན་རུང་ ཁྲོམ་སྡེ་ཚུ་གི་བར་ན་དང་ ཁྲོམ་སྡེ་ནང་འཁོད་ལུ་ གླ་ཆའི་ཚད་གཞི་ཚུ་ མ་འདྲཝ་སྦེ་ཡོད་མི་དེ་ཡང་ ཁྲོམ་སྡེ་ནང་འཁོད་ལུ་ གླ་འཁོར་སྡོད་ཁྲི་ ༥-༦ འབད་མི་ལུ་ ཀི་ལོ་མི་ཊར་རེར་ དངུལ་ཀྲམ་ ༢༥.༨༡ རེ་དང་ གླ་འཁོར་སྡོད་ཁྲི་ ༧-༨ འབད་མི་ལུ་ ཀི་ལོ་མི་ཊར་རེར་ དངུལ་ཀྲམ་ ༢༩.༩༡ རེ་ དེ་ལས་ གླ་འཁོར་སྡོད་ཁྲི་ ༩-༡༢ འབད་མི་ལུ་ ཀི་ལོ་མི་ཊར་རེར་ དངུལ་ཀྲམ་ ༣༥.༣༡ རེ་ གནས་ནི་ཨིནམ་སྦེ་ གསལ་བསྒྲགས་ནང་བཀོད་ནུག།
དེ་ལས་ ཁྲོམ་སྡེ་ཚུ་གི་བར་ན་ཨིན་པ་ཅིན་ གླ་འཁོར་སྡོད་ཁྲི་ ༥-༦ འབད་མི་ལུ་ ཀི་ལོ་མི་ཊར་རེར་ དངུལ་ཀྲམ་ ༢༣.༡༡ རེ་དང་ གླ་འཁོར་སྡོད་ཁྲི་ ༧-༨ འབད་མི་ལུ་ ཀི་ལོ་མི་ཊར་རེར་ དངུལ་ཀྲམ་ ༢༧.༣༠ རེ་ དེ་ལས་ གླ་འཁོར་སྡོད་ཁྲི་ ༩-༡༢ འབད་མི་ལུ་ ཀི་ལོ་མི་ཊར་རེར་ དངུལ་ཀྲམ་ ༣༢.༤༤ རེ་ གནས་ནི་ཨིན་པས།
དེ་བཟུམ་སྦེ་ སྐྱེལ་འདྲེན་བཱཛ་གི་ གླ་རྔན་གྱི་ ཚད་གཞིའི་ཐེད་ཁར་ མི་གྲངས་དེ་ ཀི་ལོ་མི་ཊར་རེ་རེ་ལུ་ ཕབ་སྟེ་ཡོདཔ་ད་ དེ་ཡང་ བཱཛ་གི་དབྱེ་བ་དང་ ལམ་ཐག་རིང་ཐུང་དང་འཁྲིལ་ཏེ་ གནས་ནི་ཨིན་པས།
དབྱེ་ཁག་ ༡ པ་ སྡོད་ཁྲི་ ༡༣ ལས་ ༢༤ གི་བར་ན་ཡོད་མི་ སྐྱེལ་འདྲེན་བཱཛ་ཚུ་ལུ་ ཀི་ལོ་མི་ཊར་ ༠-༩༩ ཚུན་ལུ་ ཀོ་ལོ་མི་ཊར་རེར་ མི་རེར་གླ་ཆ་ དངུལ་ཀྲམ་ ༣.༨༨ རེ་དང་ སྡོད་ཁྲི་ ༢༥ ལས་ལྷག་མི་ སྐྱེལ་འདྲེན་བཱཛ་ཚུ་ལུ་ ཀི་ལོ་མི་ཊར་རེར་ མི་རེར་གླ་ཆ་ དངུལ་ཀྲམ་ ༣.༡༨ རེ་ དལ་ཉམས་ཅན་གྱི་ སྐྱེལ་འདྲེན་བཱཛ་ཚུ་ལུ་ (སྒང་ཏོ་ཅན་གྱི་འཁོར་ལམ་) ཀི་ལོ་མི་ཊར་རེར་ མི་རེར་གླ་ཆ་ དངུལ་ཀྲམ་ ༤.༧༢ རེ་དང་ སྡོད་ཁྲི་ ༥༨ འབད་མི་ སྐྱེལ་འདྲེན་བཱཛ་ཚུ་ལུ་ (ས་ཐང་ནང་གི་འཁོར་ལམ་) ཀི་ལོ་མི་ཊར་རེར་ མི་རེར་གླ་ཆ་ དངུལ་ཀྲམ་ ༢.༡༨ རེ་ཨིན་པས།
དབྱེ་ཁག་ ༢ པ་ སྡོད་ཁྲི་ ༡༣ ལས་ ༢༤ གི་བར་ན་ཡོད་མི་ སྐྱེལ་འདྲེན་བཱཛ་ཚུ་ལུ་ ཀི་ལོ་མི་ཊར་ ༡༠༠-༡༣༣ ཚུན་ལུ་ ཀོ་ལོ་མི་ཊར་རེར་ མི་རེར་གླ་ཆ་ དངུལ་ཀྲམ་ ༣.༥༤ རེ་དང་ སྡོད་ཁྲི་ ༢༥ ལས་ལྷག་མི་ སྐྱེལ་འདྲེན་བཱཛ་ཚུ་ལུ་ ཀི་ལོ་མི་ཊར་རེར་ མི་རེར་གླ་ཆ་ དངུལ་ཀྲམ་ ༢.༩༠ རེ་ དལ་ཉམས་ཅན་གྱི་ སྐྱེལ་འདྲེན་བཱཛ་ཚུ་ལུ་ (སྒང་ཏོ་ཅན་གྱི་འཁོར་ལམ་) ཀི་ལོ་མི་ཊར་རེར་ མི་རེར་གླ་ཆ་ དངུལ་ཀྲམ་ ༣.༢༦ རེ་དང་ སྡོད་ཁྲི་ ༥༨ འབད་མི་ སྐྱེལ་འདྲེན་བཱཛ་ཚུ་ལུ་ (ས་ཐང་ནང་གི་འཁོར་ལམ་) ཀི་ལོ་མི་ཊར་རེར་ མི་རེར་གླ་ཆ་ དངུལ་ཀྲམ་ ༡.༩༨ རེ་ཨིན་པས།
དབྱེ་ཁག་ ༣ པ་ སྡོད་ཁྲི་ ༡༣ ལས་ ༢༤ གི་བར་ན་ཡོད་མི་ སྐྱེལ་འདྲེན་བཱཛ་ཚུ་ལུ་ ཀི་ལོ་མི་ཊར་ ༡༣༤-༡༦༧ ཚུན་ལུ་ ཀོ་ལོ་མི་ཊར་རེར་ མི་རེར་གླ་ཆ་ དངུལ་ཀྲམ་ ༣.༠༨ རེ་དང་ སྡོད་ཁྲི་ ༢༥ ལས་ལྷག་མི་ སྐྱེལ་འདྲེན་བཱཛ་ཚུ་ལུ་ ཀི་ལོ་མི་ཊར་རེར་ མི་རེར་གླ་ཆ་ དངུལ་ཀྲམ་ ༢.༥༢ རེ་ དལ་ཉམས་ཅན་གྱི་ སྐྱེལ་འདྲེན་བཱཛ་ཚུ་ལུ་ (སྒང་ཏོ་ཅན་གྱི་འཁོར་ལམ་) ཀི་ལོ་མི་ཊར་རེར་ མི་རེར་གླ་ཆ་ དངུལ་ཀྲམ་ ༣.༦༥ རེ་དང་ སྡོད་ཁྲི་ ༥༨ འབད་མི་ སྐྱེལ་འདྲེན་བཱཛ་ཚུ་ལུ་ (ས་ཐང་ནང་གི་འཁོར་ལམ་) ཀི་ལོ་མི་ཊར་རེར་ མི་རེར་གླ་ཆ་ དངུལ་ཀྲམ་ ༡.༧༡ རེ་ཨིན་པས།
དབྱེ་ཁག་ ༤ པ་ སྡོད་ཁྲི་ ༡༣ ལས་ ༢༤ གི་བར་ན་ཡོད་མི་ སྐྱེལ་འདྲེན་བཱཛ་ཚུ་ལུ་ ཀི་ལོ་མི་ཊར་ ༡༦༨-༡༩༩ ཚུན་ལུ་ ཀོ་ལོ་མི་ཊར་རེར་ མི་རེར་གླ་ཆ་ དངུལ་ཀྲམ་ ༢.༧༩ རེ་དང་ སྡོད་ཁྲི་ ༢༥ ལས་ལྷག་མི་ སྐྱེལ་འདྲེན་བཱཛ་ཚུ་ལུ་ ཀི་ལོ་མི་ཊར་རེར་ མི་རེར་གླ་ཆ་ དངུལ་ཀྲམ་ ༢.༠༥ རེ་ དལ་ཉམས་ཅན་གྱི་ སྐྱེལ་འདྲེན་བཱཛ་ཚུ་ལུ་ (སྒང་ཏོ་ཅན་གྱི་འཁོར་ལམ་) ཀི་ལོ་མི་ཊར་རེར་ མི་རེར་གླ་ཆ་ དངུལ་ཀྲམ་ ༣.༦༥ རེ་དང་ སྡོད་ཁྲི་ ༥༨ འབད་མི་ སྐྱེལ་འདྲེན་བཱཛ་ཚུ་ལུ་ (ས་ཐང་ནང་གི་འཁོར་ལམ་) ཀི་ལོ་མི་ཊར་རེར་ མི་རེར་གླ་ཆ་ དངུལ་ཀྲམ་ ༡.༣༧ རེ་ཨིན་པས།
དབྱེ་ཁག་ ༥ པ་ སྡོད་ཁྲི་ ༡༣ ལས་ ༢༤ གི་བར་ན་ཡོད་མི་ སྐྱེལ་འདྲེན་བཱཛ་ཚུ་ལུ་ ཀི་ལོ་མི་ཊར་ ༢༠༠ ལས་ལྷག་མི་ལུ་ ཀོ་ལོ་མི་ཊར་རེར་ མི་རེར་གླ་ཆ་ དངུལ་ཀྲམ་ ༢.༥༢ རེ་དང་ སྡོད་ཁྲི་ ༢༥ ལས་ལྷག་མི་ སྐྱེལ་འདྲེན་བཱཛ་ཚུ་ལུ་ ཀི་ལོ་མི་ཊར་རེར་ མི་རེར་གླ་ཆ་ དངུལ་ཀྲམ་ ༢.༢༩ རེ་ དལ་ཉམས་ཅན་གྱི་ སྐྱེལ་འདྲེན་བཱཛ་ཚུ་ལུ་ (སྒང་ཏོ་ཅན་གྱི་འཁོར་ལམ་) ཀི་ལོ་མི་ཊར་རེར་ མི་རེར་གླ་ཆ་ དངུལ་ཀྲམ་ ༢.༨༨ རེ་དང་ སྡོད་ཁྲི་ ༥༨ འབད་མི་ སྐྱེལ་འདྲེན་བཱཛ་ཚུ་ལུ་ (ས་ཐང་ནང་གི་འཁོར་ལམ་) ཀི་ལོ་མི་ཊར་རེར་ མི་རེར་གླ་ཆ་ དངུལ་ཀྲམ་ ༡.༣༧ རེ་ཨིན་པས།
འཁོར་ལམ་ཉེན་སྲུང་དང་ སྐྱེལ་འདྲེན་སྒྲིག་གཞི་ ༢༠༢༡ ཅན་མའི་ དོན་ཚན་ ༢༥༨ པ་ལྟར་དུ་ གླ་འཁོར་གྱི་དེད་གཡོགཔ་ ཡང་ན་ ཇོ་བདག་གིས་ དབང་འཛིན་གྱིས་ ཆེད་དུ་བཀོད་པའི་ གླ་ཆའི་ཚད་གཞི་ལས་ལྷག་པའི་ གླ་ཆ་བཀལ་མི་ཆོག་ཟེར་ཡོདཔ་ད་ གནོད་འགེལ་གྱི་ ཉེས་ཆད་དེ་ཡང་ གླ་ཆ་འཐེབ་ལེན་མི་དང་སྦྲགས་ཏེ་ དངུལ་ཀྲམ་ ༡,༠༠༠ རེ་ ཕོག་ནི་ཨིན་པས།
གླ་ཆའི་ཚད་གཞི་ལུ་ མ་གནས་མི་རེ་ འཐོན་པ་ཅིན་ ཉེ་འདབས་ཀྱི་ འབྲུག་བཟོ་བསྐྲུན་དང་ སྐྱེལ་འདྲེན་དབང་འཛིན་གྱི་ ཡིག་ཚང་ནང་ སྙན་ཞུ་འབད་གནང་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 3920
Users Yesterday : 3320
This Month : 94364
This Year : 390330
Total Users : 1102146
Views Today : 6666
Total views : 3077726
Who's Online : 21