
སི་ཨེན་ཨེན།
སྤྱི་ཟླ་ ༩ པའི་ཚེས་ ༡༦ ལུ་ ར་ཤི་ཡའི་ སྲིད་འཛིན་པུ་ཊིན་གྱིས་ རྒྱལ་ཁབ་ནང་གི་ དམག་མི་ ༡༨༠,༠༠༠ ཡར་སེང་འབད་དགོ་པའི་ བཀའ་རྒྱ་གནང་ཡོདཔ་ད་ དེ་ཡང་ སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༢ པའི་ནང་ ཡུ་ཀེ་རེན་དང་གཅིག་ཁར་ ཕྱད་མདའ་འགོ་བཙུགས་པའི་ཤུལ་ལུ་ དམག་མི་ཡར་སེང་འབད་མི་དེ་ ཐེངས་ ༣ པ་ཨིན་པས།
དམག་མི་ཡར་སེང་གི་ བཀའ་རྒྱ་དེ་ འདས་པའི་ཟླཝ་ནང་ ར་ཤི་ཡའི་ ལྷོ་ཕྱོགས་ལུང་ཕྱོགས་ལུ་ ཡུ་ཀེ་རེན་གྱིས་ བཙན་འཛུལ་ཐོག་ལས་ གནོད་འཚུབ་བཀལ་བའི་ཤུལ་ལས་གནང་ནུག།
འདས་པའི་བདུན་ཕྲག་ནང་ ར་ཤི་ཡའི་ཁ་ཐུག་ལས་ ལུང་ཕྱོགས་དེ་ནང་ལས་ ཡུ་ཀེ་རེན་གྱི་ དམག་མི་ཚུ་ མཐར་བཤུད་གཏང་ཐབས་ལུ་ བརྩོན་ཤུགས་བསྐྱེད་དེ་ དམག་འཐབ་འབདཝ་ལས་ ཡུ་ཀེ་རེན་གྱི་ཁྲོམ་ པོག་རོབཛ་ཟེར་མིའི་ ཉེ་འདབས་ཚུན་ མདུན་བསྐྱོད་འབད་ཚུགས་ཡོདཔ་ཨིན་པས།
ར་ཤི་ཡའི་ སྲིད་འཛིན་གྱིས་ ཧེ་མ་ཡང་ སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༨ པའི་ནང་ དམག་མི་ཡར་སེང་འབད་དགོ་པའི་ བཀའ་རྒྱ་གནང་ཡོདཔ་ད་ དེ་བསྒང་ མི་སེར་སྟོང་ཕྲག་ལས་བཅད་དེ་ ཁྱིམ་མཚེས་རྒྱལ་ཁབ་ཚུ་ནང་ བྱོག་སོང་ཡོདཔ་མ་ཚད་ ར་ཤི་ཡའི་ནང་འཁོད་ལུ་ ངོ་རྒོལ་འགྲེམ་སྟོན་ཚུ་ཡང་ འགོ་འདྲེན་འཐབ་ནུག།
ཡུ་ཀེ་རེན་དང་གཅིག་ཁར་ དམག་འཁྲུག་ལང་མིའི་ནང་ ར་ཤི་ཡའི་ དམག་མི་ཚུ་ལུ་ ཤི་རྐྱེན་བྱུང་མིའི་ གྱངས་ཁ་ངོ་མ་དེ་ གསང་བྱའི་ཐོག་ལུ་ བཞག་ཡོད་རུང་ སྲུང་སྐྱོབ་བློན་པོ་ སེར་གེ་ཤོའི་གུ་གིས་འབད་བ་ཅིན་ ཁོང་གི་དམག་མི་ ༥,༩༣༧ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་སྦེ་ བཤད་ཡོདཔ་ཨིན་པས།.
ཡུཀེ་རེན་དང་ ནུབ་ཕྱོགས་གསང་ཞིབ་ཀྱིས་ བསྐྱར་ཞིབཚུ་དང་འཁྲིལ་བ་ཅིན་ ར་ཤི་ཡའི་ དམག་མི་ལུ་ ཤི་རྐྱེན་བྱུང་མི་དེ་ ག་ནི་བ་ཡང་ མཐོ་དྲགས་ཡོདཔ་སྦེ་ཨིནམ་ད་ སྤྱི་ཟླ་འདི་ནང་ དཔེ་བསྐྲུན་འབད་མི་ དུས་མཐུན་སྙན་ཞུའི་ནང་འབད་བ་ཅིན་ ར་ཤི་ཡའི་ དམག་མི་ ༦༡༦,༣༠༠ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 1114
Users Yesterday : 6933
This Month : 65483
This Year : 294324
Total Users : 1006140
Views Today : 9170
Total views : 2925587
Who's Online : 10