
རོའི་ཊརཛ།
སྤྱི་ཟླ་ ༩ པའི་ཚེས་ ༡༩ ལུ་ ཏ་ཡེ་ཝཱན་དང་ ཡུ་ཨེཛ་ དེ་ལས་ མཐུན་འབྲེལ་རྒྱལ་ཁབ་གཞན་ཚུ་གི་བར་ན་ སྲུང་སྐྱོབ་ཀྱི་ མཉམ་འབྲེལ་དམ་ཟབ་ བཟོ་དོ་ཡོདཔ་ལས་ ཏ་ཡེ་ཝཱན་གྱི་ དམག་སྡེའི་ལྕོགས་གྲུབ་ལུ་ ལེགས་སྒྱུར་སྦོམ་ཐོན་ནུག།
དེ་ཡང་ ཏ་ཡེ་ཝཱན་དང་ ཡུ་ཨེཛ་གི་བར་ན་ སྲུང་སྐྱོབ་དང་འབྲེལ་བའི་ ཆིངས་ཡིག་ག་ནི་ཡང་མེད་རུང་ ཡུ་ཨེཛ་གི་ཁ་ཐུག་ལས་ ཏ་ཡེ་ཝཱན་ལུ་ སྲུང་སྐྱོབ་ཀྱི་ཐབས་ལམ་ཚུ་ སྤྲོད་དགོ་པའི་ ཁྲིམས་དོན་གྱི་ དགོས་མཁོ་ཡོདཔ་ལས་ རྒྱལ་ཁབ་ ༢ ཀྱི་ འགོ་དཔོན་ཚུ་ འཕྲལ་འཕྲལ་སྦེ་ར་ཕྱད་དེ་ སྦྱོང་བརྡར་ཚུ་འབདཝ་ཨིན་པས།
རྒྱ་ནག་གིས་ ད་རེས་ དམངས་གཙོའི་རིང་ལུགས་ཐོག་ལས་ གཞུང་སྐྱོང་མི་ ཏ་ཡེ་ཝཱན་ རྒྱལ་ཁབ་དེ་ རྒྱ་ནག་གི་ མངའ་ཁོངས་ལུ་ཨིན་པའི་ ཐོབ་བརྗོད་བཀོད་དོ་ཡོདཔ་ད་ ཡུ་ཨེཛ་དང་ ཏ་ཡེ་ཝཱན་གྱི་ དམག་སྡེའི་འབྲེལ་བ་གང་རུང་ལུ་ ཁོང་ཁྲོ་ལང་སྟེ་ ཡུ་ཨེཛ་གིས་ ཏ་ཡེ་ཝཱན་ལུ་ གོ་མཚོན་ཚོང་སྒྱུར་འཐབ་མི་ཚུ་ཡང་ ལན་ཐེངས་ལེ་ཤ་ཅིག་ར་ བཀག་དམ་འབད་ནུག།
ཏ་ཡེ་ཝཱན་གྱི་ སྲུང་སྐྱོབ་བློན་པོ་ ཝེ་ལིང་ཊཱོན་ཀཱུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ འདས་པའི་ལོ་ངོ་དག་པ་ཅིག་ནང་ ཏ་ཡེ་ཝཱན་དང་ ཡུ་ཨེཛ་ དེ་ལས་ མཐུན་འབྲེལ་རྒྱལ་ཁབ་ཚུ་གི་བར་ན་ སྲུང་སྐྱོབ་ཀྱི་ མཉམ་འབྲེལ་བཙན་ཐབས་ཚུ་ འཕྲོ་མཐུད་དེ་ར་འབད་དེ་ ལུང་ཕྱོགས་ཞི་བདེའི་དོན་ལུ་ དམག་སྡེའི་ལྕོགས་གྲུབ་ ལེགས་སྒྱུར་གྱི་ ལཱ་ཚུ་འབད་དོ་ཟེར་ཨིན་པས།
རྒྱ་ནག་གིས་ ཏ་ཡེ་ཝཱན་དེ་ ཁོང་གི་མངའ་འོག་ལུ་ བཙུགས་ནིའི་དོན་ལས་ དྲག་པོའི་ཐབས་ལམ་ཚུ་ ལག་ལེན་འཐབ་དོ་ཡོདཔ་ལས་ འདས་པའི་ལོ་ངོ་ ༥ གི་རིང་ལུ་ འཕྲལ་འཕྲལ་སྦེ་ར་ ཏ་ཡེ་ཝཱན་པད་སྐོར་བསྒྱིར་ཏེ་ དམག་སྦྱོང་ཚུ་ ལག་ལེན་འཐབ་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 1396
Users Yesterday : 3540
This Month : 112360
This Year : 408326
Total Users : 1120142
Views Today : 1731
Total views : 3111505
Who's Online : 11