
རོའི་ཊརཛ།
སྤྱི་ཟླ་ ༩ པའི་ཚེས་ ༢༥ ལུ་ འཛམ་གླིང་སྤྱི་ཚོགས་ནང་ གསུང་གྲོས་ཡུན་རིངམོ་སྦེ་ གནང་པའི་ཤུལ་ལས་ ཡུ་ཨེཛ་དང་ ཕ་རཱནཛ་གིས་གཙོས་པའི་ མཐུན་འབྲེལ་རྒྱལ་ཁབ་ཚུ་གིས་ ཨིཛ་རེལ་དང་ ལེ་བ་ནཱོན་གྱི་བར་ན་ ཕྱད་མདའ་རྐྱབ་པའི་བསྒང་ཡོད་མི་དེ་ ཉིན་གྲངས་ ༢༡ གི་རིང་ལུ་ གནས་སྐབས་ཅིག་ མཚམས་འཇོག་འབད་དགོ་པའི་ ནན་བསྐུལ་འབད་ཡོདཔ་ཨིན་པས།
དེ་ཡང་ གཙོ་བོ་ར་ ཨིཛ་རེལ་དང་ ལེ་བ་ནཱོན་གྱི་ ས་མཚམས་བདའ་སྟེ་ མཚམས་འཇོག་འབད་དགོཔ་སྦེ་ཨིནམ་ད་ ཡུ་ཨེཛ་གཞུང་གི་ འགོ་དཔོན་ཅིག་གིས་ ཨིཛ་རེལ་དང་ ལེ་བ་ནཱོན་གྱི་བར་ན་ དོན་གཅོད་ཐོག་ལས་ འགྲིག་ཆ་བཟོ་ཐབས་ལུ་ཨིན་ཟེར་བཤད་ནུག།
དེ་བཟུམ་སྦེ་ མཉམ་འབྲེལ་བསྐུལ་བསྒྲགས་ཅིག་ ཁྱབ་སྤེལ་འབད་མིའི་ནང་ཡང་ ཨིཛ་རེལ་དང་ ལེ་བ་ནཱོན་གྱི་ གཞུང་ ༢ ཀྱིས་གཙོས་པའི་ རྩ་ཕན་ག་ར་གིས་ གནས་སྐབས་ཅིག་གི་ ཕྱད་མདའ་མཚམས་འཇོག་དེ་ལུ་ ངོས་ལེན་འབད་གནང་ཟེར་ཨིན་པས།
མཉམ་འབྲེལ་སྐུལ་བསྒྲགས་དེ་ཁར་ མཐུན་འབྲེལ་རྒྱལ་ཁབ་ཚུ་གི་གྲས་ལས་ ཨཱཛ་ཊེ་ལི་ཡ་དང་ ཡུ་ན་ཡེ་ཊེཌ་ ཨ་རབ་ཨེ་མི་རེཊཛ་ སའུ་དི་ཨ་ར་བི་ཡ་ དེ་ལས་ ཡུ་རོབ་རྒྱལ་ཁབ་ཚོགས་པ་ཚུ་གིས་ཡང་ མིང་རྟགས་བཀོད་ནུག།
སྤྱི་ཟླ་ ༩ པའི་ཚེས་ ༢༥ ལུ་ ཨིཛ་རེལ་གྱིས་ ལེ་བ་ནཱོན་ལུ་ ཕྱད་མདའ་ཡར་སེང་ཐོག་ལས་ མི་གྲངས་ ༧༢ དམར་བསད་དང་ ༢༢༣ དེ་ཅིག་ལུ་ རྨ་སྐྱོན་བྱུང་ཡོདཔ་ད་ ཨིཛ་རེལ་དམག་སྤྱི་གིས་ ས་ཐོག་དམག་འཁྲུག་དེ་ འཕྲོ་མཐུད་སྲིད་ནི་ཨིནམ་ལས་ འཛམ་གླིང་དབུས་ཕྱོགས་ནང་ ཕྱད་མདའི་ཁྱབ་ཚད་ རྒྱ་སྐྱེད་འགྱོ་ནི་གི་ ཚ་གྱང་ཡོདཔ་ཨིན་པས།
འཛམ་གླིང་སྤྱི་ཚོགས་ནང་ ཨིཛ་རེལ་གྱི་གཞུང་ཚབ་ ཌེ་ནི་ཌ་ནཱོན་གྱིས་ ཨིཛ་རེལ་གྱི་ ཁ་ཐུག་ལས་ དམག་འཁྲུག་མཚམས་འཇོག་ལུ་ ངོས་ལེན་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today : 1251
Users Yesterday : 6933
This Month : 65620
This Year : 294461
Total Users : 1006277
Views Today : 9472
Total views : 2925889
Who's Online : 1