
རོའི་ཊརཛ།
སྤྱི་ཟླ་ ༡༠ པའི་ཚེས་ ༢ ལུ་ ཡུ་ཨེཛ་གི་ས་གནས་ བྱང་ཀེ་རོ་ལི་ན་དང་ ལྷོ་ཀེ་རོ་ལི་ན་ ཇོར་ཇི་ཡ་ ཕཱོལ་རི་ཌ་ ཊེ་ནེ་སི་ ཝར་ཇི་ནི་ཡ་ཚུ་ནང་ རླུང་འཚུབ་ཧེ་ལེན་ཟེར་མི་གིས་ མི་གྲངས་ ༡༦༢ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ ས་གནས་དེ་ཚུའི་ནང་ འགྲུལ་བསྐྱོད་དང་ བརྒྱུད་འཕྲིན་གྱི་ དཀའ་ངལ་ཚུ་ཡང་ ཐོན་ཏེ་ཡོདཔ་ཨིན་པས།
ཡུ་ཨེཛ་གི་ ནང་འཁོད་ཉེན་སྲུང་དྲུང་ཆེན་ ཨ་ལེ་ཇཱན་ཌོ་རོ་ མ་ཡོར་ཀ་གིས་ གངས་རི་ཅན་གྱི་ས་ཁོངས་ ཨེཤ་ཝིལ་ལུ་ སྔོན་ཆད་མ་བྱུང་མ་མྱོང་པའི་ རླུང་འཚུབ་ལུ་བརྟེན་པའི་ རྐྱེན་ངན་བསྐྱར་གསོ་འབད་ནི་ལུ་ ལོ་ལས་ལོ་སྦེ་ བསྒོར་ནི་ཨིནམ་བཞིན་དུ་ ཟད་འགྲོ་ཡང་ ཌོ་ལར་ས་ཡ་ལེ་ཤ་ཅིག་ གནས་ནི་ཨིནམ་སྦེ་བཤད་ནུག།
ད་རེས་ མི་སེར་ལེ་ཤ་ཅིག་ར་ གར་སོང་མེད་པར་ བྱང་སྟོར་ཤོར་ཡོདཔ་ད་ གློ་བུར་གྱི་ ལཱ་འབད་མི་ཚུ་གིས་ བརྒྱུད་འབྲེལ་མཐུན་རྐྱེན་ཚུ་ ཉམས་གསོ་འབད་བའི་ཤུལ་ལས་དང་ སྲོག་སྐྱབས་འབད་མི་ཚུ་ ས་གནས་མཐའ་ཟུར་ཚུ་ནང་ ལྷོད་པའི་ཤུལ་ལུ་རྐྱངམ་གཅིག་ གནས་སྟངས་ཚུ་གི་སྐོར་ལས་ ལེགས་ཤོམ་སྦེ་ ཧ་གོ་ཚུགས་ནི་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1437455
Views Today :
Total views : 5000
Who's Online :