
སི་ཨེན་ཨེན།
སྤྱི་ཟླ་ ༢༠ པའི་ཚེས་ ༢ ལུ་ མཐའ་ཡས་ལེན་གྱི་ཁྲོམ་ བེང་ཀོག་ལུ་ སློབ་གྲྭའི་སྐྱེལ་འདྲེན་བཱཛ་ཅིག་ལུ་ མེ་རྐྱེན་བྱུང་སྟེ་ སློབ་ཕྲུག་ན་གཞོན་དང་ སློབ་དཔོན་ཚུ་བསྡོམས་ཏེ་ མི་གྲངས་ ༢༣ ལུ་ ཤི་རྐྱེན་བྱུང་ནུག།
དེ་ཡང་ གཞི་རིམ་དང་ འབྲིང་རིམ་སློབ་གྲྭའི་ སློབ་དཔོན་ ༦ དང་ སློབ་ཕྲུག་ ༣༩ འབག་མི་ སྐྱེལ་འདྲེན་བཱཛ་དེ་ སློབ་གྲྭའི་འགྲུལ་བསྐྱོད་ལས་རིམ་ཅིག་གི་དོན་ལུ་ ཨུ་ཐའི་ཐ་ནི་ཟེར་ས་ལས་ ཨ་ཡུ་ཐི་ཡ་དང་ ནཱོན་ཐ་བུ་རི་ཟེར་སར་ འགྲུལ་བསྐྱོད་འབད་བའི་སྐབས་ལུ་ གཞུང་ལམ་ཁར་ མེ་རྐྱེན་མགྱོགས་དྲགས་སྦེ་ བྱུང་ཡོདཔ་ལས་ སྐྱེལ་འདྲེན་བཱཛ་ནང་སྡོད་མི་ཚུ་ ཕྱི་ཁར་ཐོན་མ་ཚུགསཔ་ཨིན་པས།
ཁྲིམས་སྲུང་འགག་སྡེ་གིས་ སྐྱེལ་འདྲེན་བཱཛ་དེ་ནང་ལས་ ཕུངམོ་ ༢༣ ཐོབ་ཡོད་རུང་ སྐྱེལ་འདྲེན་བཱཛ་དེ་ ནི་བ་ཡང་ ཚ་ཏོམ་ཐལ་ཏེ་ཡོདཔ་ལས་ ནང་ན་འཛུལ་མ་ཚུགས་པར་ ཆུ་ཚོད་དག་པ་ཅིག་ར་ བསྒུགས་དགོཔ་ཐོན་ཡོདཔ་སྦེ་བཤད་ནུག།
ཕུངམོ་དེ་ཚུ་ ངོ་ཕྱེ་མ་ཚུགསཔ་ ཐལ་ཡོདཔ་ལས་ ཕུངམོ་ཚུ་ངོས་འཛིན་འབད་ཐབས་ལུ་ བཟའ་ཚང་ཚུ་ཡང་ ཁྲག་བརྟག་དཔྱད་འབད་ནིའི་དོན་ལས་ ཨུ་ཐའི་ཐ་ནི་ ཁྲིམས་སྲུང་འགག་སྡེའི་ སྨན་ཁང་ནང་ བསྐྱལ་ཡོདཔ་ཨིན་པས།
སྣུམ་འཁོར་དེད་གཡོགཔ་ ས་མཱན་ཅཱན་པཱུད་དེ་ ཁྲིམས་སྲུང་འགག་སྡེའི་ ཡིག་ཚང་ནང་ ལྷོད་པའི་ཤུལ་ལས་ འཛིན་བཟུང་འབད་དེ་ སྣུམ་འཁོར་སྣང་མེད་སྦེ་ བཏང་པ་ལུ་བརྟེན་ཏེ་ མེ་རྐྱེན་དང་ ཤི་རྐྱེན་ཚུ་ བྱུང་པའི་ཁར་ གཞན་ལུ་ གྲོགས་རམ་དང་ སྙན་ཞུ་ཡང་མ་འབད་བའི་ ཉེས་འཛུགས་འབད་ནུག།
དེད་གཡོགཔ་གིས་ ཞིབ་དཔྱད་འབད་མི་ཚུ་ལུ་ སྣུམ་འཁོར་དེ་ ཨ་རྟག་ག་ཨིནམ་སྦེ་ར་ བཏང་སྡོད་པའི་བར་ན་ གདོང་ཁའི་གཡས་ཕྱོགས་ཀྱི་ འཁོར་ལོ་གཡོ་སྟེ་ སྣུམ་འཁོར་གཞན་ཅིག་དང་ གདོང་ཐུག་རྐྱབ་པའི་ཤུལ་ལས་ མེ་འབར་ཡོདཔ་སྦེ་ བཤད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 802
Users Yesterday : 1303
This Month : 66474
This Year : 295315
Total Users : 1007131
Views Today : 1263
Total views : 2927295
Who's Online : 6