
སྤྱི་ཟླ་ ༡༠ པའི་ཚེས་ ༡ ལུ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ མདོ་ཆེན་བཀོད་ཚོགས་ཀྱི་ ཞལ་འཛོམས་དང་པ་ སྤ་རོ་དུང་དཀར་རྫོང་ནང་སྦེ་ ཚོགས་ཡོདཔ་ཨིན་པས།
དེ་བསྒང་ ཞལ་འཛོམས་དེ་ནང་ལས་ གྲོས་ཆོད་དང་པ་ བློན་ཆེན་བགྲེསཔ་ དྲགོས་ཌོག་ཊར་བློ་གྲོས་ཚེ་རིང་དེ་ དྲན་ཤེས་ཁྲོམ་ཚོགས་ཀྱི་ གཙོ་འཛིན་གྱི་ འདེམས་ངོ་སྦེ་ བཏོན་ཞིནམ་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ སྙན་འབུལ་ཞུཝ་བཞིན་དུ་ མི་དབང་མངའ་ཞབས་མཆོག་གིས་ གཙོ་འཛིན་སྦེ་ བསྐོ་བཞག་གནང་ནུག།
ཁྲོམ་ཚོགས་ཀྱི་གཙོ་འཛིན་ དྲགོས་ཌོག་ཊར་བློ་གྲོས་ཚེ་རིང་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ ཐབས་བྱུས་ནང་འཁོད་ཀྱི་ ལག་ལེན་ཚུ་ འགོ་ཁྲིད་འབད་ནི་ཨིནམ་ད་ དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ དགོངས་བཞེད་ལྟར་དུ་ ཡུན་བརྟན་གོང་འཕེལ་དང་ འབྲུག་གི་བརྩི་མཐོང་ཚུ་དང་ མཐུན་སྒྲིག་གི་སྒོ་ལས་ ལག་ལེན་འཐབ་ནི་ཨིན་པས།
གཙོ་འཛིན་གྱིས་ ནང་འཁོད་ལག་ལེན་ཚུ་ འབྲུག་གཞུང་དང་ ཁེ་གྱོང་འབག་མི་ཚུ་ དེ་ལས་ ཁྲོམ་ཚོགས་ཀྱི་ བཀོད་ཚོགས་ཚུ་དང་ མཉམ་འབྲེལ་ཐོག་ལས་ རྒྱལ་ཡོངས་ཀྱི་ གཙོ་རིམ་ཚུ་ གཅིག་བསྒྲིལ་འབད་དེ་ འགོ་ཁྲིད་འབད་ནི་ཨིན་པས།
དྲགོས་ཌོག་ཊར་བློ་གྲོས་ཚེ་རིང་གིས་ གཙོ་འཛིན་གྱི་ གོ་གནས་ཐོག་ལུ་ དྲན་ཤེས་ཁྲོམ་ཚོགས་ཀྱི་ བཀོད་ཁྱབ་འགཙོ་འཛིན་འགོ་དཔོན་ མུན་ལི་ཡོང་ལིའུ་དང་གཅིག་ཁར་ མཉམ་འབྲེལ་དམ་ཟབ་ཐོག་ལུ་ སྲིད་བྱུས་དང་ གཞི་རྟེན་མཁོ་ཆས་ལས་འགུལ་ དེ་ལས་ ས་གནས་ནང་གི་ ལག་ལེན་ཚུ་ འཛིན་སྐྱོང་འཐབ་ནི་ལུ་ གཙོ་བོར་བཟུང་ནི་ཨིན་པས།
གཙོ་འཛིན་གྱི་ འགན་ཁུར་དེ་ ཁྲོམ་ཚོགས་གོང་འཕེལ་ཐོག་ལས་ ས་གནས་ཀྱི་ དགོས་མཁོ་ཚུ་ རྒྱལ་སྤྱིའི་གནས་ཚད་དང་ འདྲ་མཉམ་བཟོ་ནི་དང་ གོང་འཕེལ་དེ་གིས་ འབྲུག་གི་ངོ་རྟགས་ཀྱི་ བརྡ་མཚོན་སྟོན་ནི་ དེ་ལས་ ཁྲོམ་ཚོགས་དེ་ དྲན་ཤེས་དང་ ཡུན་བརྟན་གྱི་སྒོ་ལས་ ཁྲོམ་ཚོགས་གོང་འཕེལ་གྱི་ མིག་དཔེར་རུང་བའི་ གནས་ཚད་ཁར་ བཀལ་ནི་ཡོདཔ་ ངེས་གཏན་བཟོ་ནི་ཚུ་ཨིན་པས།
གཙོ་འཛིན་གྱིས་ ནང་འཁོད་དབང་འཛིན་གཙོ་བོ་སྦེ་ ཡར་འཕར་ལག་ལེན་རུང་བའི་ འཆར་གཞི་བརྒྱུད་དེ་ ཡུན་བརྟན་གོང་འཕེལ་གཏང་ནི་གི་དོན་ལས་ ལག་ལེན་འཐབ་དགོ་པའི་ཁར་ ཁོ་ལུ་ མདོ་ཆེན་བཀོད་ཚོགས་ཀྱི་ འགན་ཁུར་ཡང་ འཁྲི་ནི་ཨིན་པའི་གནས་ཚུལ།





Users Today : 1272
Users Yesterday : 1453
This Month : 1272
This Year : 297238
Total Users : 1009054
Views Today : 2139
Total views : 2931742
Who's Online : 37