ཧའི་ཊི་ལུ་ བཀྲ་ཉེས་སྡེ་ཚན་ཚུ་གིས་ མི་གྲངས་ ༧༠ དམར་བསད།

རོའི་ཊརཛ།
ཧའི་ཊི་རྒྱལ་ཁབ་ནང་ བཀྲ་ཉེས་སྡེ་ཚན་ཚུ་གིས་ གནོདཔ་བཀལ་ནི་དེ་ དུས་རྒྱུན་གྱི་ ལས་སྣ་ཅིག་ལུ་ གྱུར་ཡོདཔ་ལས་ སྤྱི་ཟླ་ ༡༠ པའི་ཚེས་ ༤ ལུ་ བཀྲ་ཉེས་སྡེ་ཚན་ཅིག་གིས་ རང་སྒུལ་ཅན་ཀྲོབ་མདའ་ཚུ་འབག་སྟེ་ ཁྲོམ་སྡེ་ཅིག་ནང་ འཛུལ་ཞིནམ་ལས་ མི་གྲངས་ ༧༠ དེ་ཅིག་ དམར་བསད་འབད་བའི་ཁར་ མི་ལེ་ཤ་ཅིག་ལུ་ཡང་ རྨ་སྐྱོན་བཏོན་ནུག།
དེ་སྦེ་ ཞི་བའི་མི་སེར་ དམར་བསད་འབད་མི་དེ་ ཁྲིམས་སྲུང་འགག་པ་གིས་ ཁོ་གི་འཐུས་མི་ཚུ་ དམར་བསད་འབད་བའི་སྐབས་ལུ་ མི་སེར་ཚུ་གིས་ གདོང་ལན་མ་འབད་ནི་དེ་གིས་ཨིན་ཟེར་ བཤད་ཡོདཔ་ཨིན་པས།
བཀྲ་ཉེས་ཚུ་གིས་ ཨམ་སྲུ་དང་ ཨ་ལོ་ཆུང་ཀུ་ཚུ་གིས་གཙོས་པའི་ མི་སེར་ཚུ་ལུ་ གནོད་འཚུབ་བཀལ་མི་དེ་ རྒྱལ་ཁམས་ལུ་ གནོད་འཚུབ་བཀལ་བའི་ བརྡ་མཚོན་སྟོནམ་ལས་ ས་གནས་དེ་ཁར་ སྲུང་སྐྱོབ་དམག་མི་ ཁ་སྐོང་བཙུགས་དོ་ཡོད་པའི་སྐོར་ལས་ བློན་ཆེན་གེ་རི་ཀོ་ནིལ་གྱིས་ གསལ་བསད་འབད་ནུག།
དེ་ཡང་ བཀྲ་ཉེས་སྡེ་ཚན་ཚུ་གིས་ གོ་མཚོན་ཚུ་འབག་སྟེ་ ལུང་ཕྱོགས་མ་འདྲ་བའི་ ས་ཁོངས་ཚུ་ནང་ མི་སེར་ཚུ་གི་ སྡོད་ས་མེདཔ་བཟོ་སྟེ་ དབང་གནོན་འབད་ནི་གི་ རྩིས་རྐྱབ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: