
རོའི་ཊརཛ།
སྤྱི་ཟླ་ ༡༠ པའི་ཚེས་ ༩ དང་ ༡༠ ལུ་ ཨིཛ་རེལ་གྱི་ དམག་མི་ཚུ་གིས་ ཧེཛ་བོ་ལ་ དྲག་དམག་སྡེ་ཚན་དང་ ཕྱད་མདའི་དོན་ལས་ མདུན་བསྐྱོད་འབད་དེ་ ལེ་བ་ནཱོན་གྱི་ ལྷོ་ཕྱོགས་ལུ་ཡོད་མི འཛམ་གླིང་སྤྱི་ཚོགས་ཀྱི་ ཞི་བདེ་ཉེན་སྲུང་དམག་མིའི་ དམག་སྒར་ཚུ་ནང་ ཀྲོབ་མདའ་རྐྱབ་སྟེ་ གནོད་འཚུབ་བཀལ་ནུག།
ཞི་བདེ་ཉེན་སྲུང་དམག་མི་སྡེ་ཚན་གྱིས་འབད་བ་ཅིན་ ས་གནས་ན་ཀོ་ཨུ་ར་ལུ་ཡོད་མི་ ཞི་བདེ་ཉེན་སྲུང་དམག་མིའི་ བལྟ་རྟོག་ཀ་ཆེན་གུ་ ཨིཛ་རེལ་གྱིས་ སྟོབས་ལག་ལེན་འཐབ་སྟེ་ གནོད་འཚུབ་བཀལ་བའི་སྐབས་ལུ་ ཞི་བདེ་ཉེན་སྲུང་དམག་མི་ ༢ ཀ་ཆེན་གུ་ལས་བུད་དེ་ རྨ་སྐྱོན་བྱུང་ཡི་ཟེར་ཨིན་པས།
ཞི་བདེ་ཉེན་སྲུང་དམག་མི་ཚུ་ལུ་ ཆེད་དུ་དམིགས་ཏེ་ གནོད་འཚུབ་བཀལ་མི་དེ་ རྒྱལ་སྤྱིའི་འགྲོ་བ་མིའི་ཁྲིམས་ལུགས་ལས་འགལ་བ་ཨིནམ་སྦེ་ འཛམ་གླིང་སྤྱི་ཚོགས་ཀྱི་ རྒྱལ་སྤྱི་ཞི་བདེ་ཉེན་སྲུང་དམག་མི་སྡེ་ཚན་གྱིས་ བཤད་ཡོདཔ་མ་ཚད་ གནད་དོན་དེ་གི་སྐོར་ལས་ ཨིཛ་རེལ་གྱི་ དམག་སྡེ་དང་གཅིག་ཁར་ ཁ་སླབ་པའི་བསྒང་ཡོད་པའི་སྐོར་ལས་ཡང་བཤད་ནུག།
ཨིན་རུང་ ཨིཛ་རེལ་གྱི་ དམག་སྡེའི་ཁ་ཐུག་ལས་ ག་ནི་ཡང་ སླབ་མ་བཏུབ་པར་ཡོད་ད་ བར་སྐབས་ཅིག་ཁར་ ཨིཛ་རེལ་གྱི་ དམག་མི་ཚུ་གིས་ ལེ་བ་ནཱོན་ལུ་ཡོད་མི་ ཨི་རཱན་གྱི་ རྒྱབ་སྐྱོར་ཐོག་ལས་ ཧེཛ་བོ་ལ་ དྲག་དམག་དང་གཅིག་ཁར་ ཕྱད་མདའ་རྒྱ་སྐྱེད་གཏང་དོ་ཟེར་ཨིན་པས།
ལེ་བ་ནཱོན་གྱི་ གནས་སྐབས་ཀྱི་བློན་ཆེན་ ན་ཇིབ་མི་ཀ་ཏི་གིས་ ཕྱད་མདའ་རྐྱབ་མི་སྡེ་ཚན་ ༢ ཀྱི་བར་ན་ ཕྱད་མདའ་མཚམས་འཇོག་གི་དོན་ལུ་ ཡུ་ཨེཛ་དང་ ཕ་རཱནཛ་རྒྱལ་ཁབ་ ༢ དང་གཅིག་ཁར་ འབྲེལ་བ་ཚུ་འཐབ་པའི་བསྒང་ཡོད་ཟེར་ཨིནམ་ད་ འདས་པའི་ཟླཝ་ནང་ ཨིཛ་རེལ་གྱིས་ དེ་བཟུམ་མའི་ མཛམས་འཇོག་གི་ ནང་འགྲིག་ལུ་ ཆ་བཞག་མ་བཏུབ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 1647
Users Yesterday : 3253
This Month : 79158
This Year : 375124
Total Users : 1086941
Views Today : 5361
Total views : 3051824
Who's Online : 13