
ཨཱལ་ཇ་ཟི་ར།
འཛམ་གླིང་མཁའ་འཁོར་གནས་སྟངས་ མ་དངུལ་གྱི་ སྙན་ཞུ་དང་འཁྲིལ་བ་ཅིན་ འཛམ་གླིང་ནང་ འདས་པའི་ལོ་ངོ་ ༥༠ གི་ ནང་འཁོད་ལུ་ རི་དྭགས་སེམས་ཅན་གྱི་ གྲངས་འབོར་དེ་ བརྒྱ་ཆ་ ༧༣ དེ་ཅིག་ མར་བབས་སོང་ནུག་ཟེར་ཨིན་པས།
དེ་ཡང་ སྤྱི་ཟླ་ ༡༠ པའི་ཚེས་ ༡༠ ལུ་ ཉམས་སྲུང་གྲོགས་རམ་ལས་སྡེ་གིས་ གསར་བཏོན་འབད་མི་ སེམས་ཅན་སྤྱི་རིགས་ ༥,༠༠༠ དེ་ཅིག་གི་ གྲངས་རྩིས་སྙན་ཞུའི་ནང་ བཀོད་ཡོདཔ་ད་ རི་དྭགས་སེམས་ཅན་གྱི་ རིགས་ལ་ལུ་ཅིག་ རྩ་མེད་འགྱོ་ནི་གི་ ཉེན་ཁ་ཡོདཔ་སྦེ་ཡང་བཀོད་ནུག།
དེ་བཟུམ་སྦེ་ ལི་བིང་པེལ་ནེཊ་ཟེར་མི་ ལས་སྡེ་གིས་ཡང་ རི་དྭགས་སེམས་ཅན་གྱི་ རིགས་མ་འདྲཝ་ ༣༥,༠༠༠ དེ་ཅིག་གི་ གྲངས་འབོར་དེ་ སྤྱི་ལོ་ ༡༩༧༠ ལས་ ད་ཚུན་གྱི་བར་ན་ འགྲོ་བ་མི་གི་ ཨེབ་ཤུགས་ལུ་བརྟེན་ཏེ་ བརྒྱ་ཆ་ ༧༣ དེ་ཅིག་ མར་བབས་སོང་ནུག་ཟེར་ཨིན་པས།
རི་དྭགས་སེམས་ཅན་ཚུ་གི་ གྲངས་འབོར་མར་བབས་འགྱོ་མི་དེ་ཡང་ གཙོ་བོ་ར་ འཛམ་གླིང་ནང་ བཟའ་འཐུང་གི་རིམ་ལུགས་ལུ་ འགྱུར་བ་ཐོན་མི་དང་ ནགས་ཚལ་ཉམས་མི་ཚུ་ལུ་བརྟེན་ཏེ་ རི་དྭགས་སེམས་ཅན་ཚུ་གི་ འཚོ་གནས་ཀྱི་ དཀའ་ངལ་ལུ་བརྟེན་ཏེ་ཨིནམ་མ་ཚད་ ལོག་སྤྱོད་དང་ ནད་གཞི་ཚུ་གིས་ཡང་ ཤན་ཞུགས་འབདཝ་ཨིན་པས་ཟེར་ སྙན་ཞུའི་ནང་བཀོད་ནུག།
འཛམ་གླིང་མཐའ་འཁོར་གནས་སྟངས་ མ་དངུལ་གྱི་ ཉམས་སྲུང་གཙོ་འཛིན་འགོ་དཔོན་གྱིས་ དེ་བཟུམ་མའི་ འགྱུར་བ་ཚུ་ བསྐྱར་གསོ་འབད་མི་ཚུགས་ནི་ཨིནམ་ལས་ འགྲོ་བ་མི་ལུ་ གནོད་ཉེན་ཆེ་བའི་ གཞི་ཅིག་ཨིན པའི་ཁར་ དམིགས་བསལ་གྱིས་ ལེ་ཊིན་ཨ་མི་རི་ཀ་དང་ ཀ་རི་བི་ཡ་ བྱང་ཨ་མི་རི་ཀ་ ཨེ་ཤི་ཡ་ པེ་སི་ཕིག་ལུང་ཕྱོགས་ཚུ་ནང་ བཙོག་རླུང་ལུ་བརྟེན་ཏེ་ ཉེན་ཁ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1394153
Views Today :
Total views : 5000
Who's Online :