
རོའི་ཊརཛ།
ཡུ་ཨེཛ་གི་མངའ་སྡེ་ ཕཱོལ་རི་ཌ་ལུ་ བདུན་ཕྲག་ ༢ ཀྱི་ ནང་འཁོད་ལུ་ ཆར་རླུང་ཚབས་ཆེན་ ལན་ཐེངས་ ༢ བྱུང་མི་ རྐྱེན་ངན་ཚུ་ བསྐྱར་གསོ་འབད་དོ་ཡོདཔ་ད་ སྡོད་ཁྱིམ་ཚུ་གིས་གཙོས་པའི་ ས་ཁོངས་ཚུ་ག་ར་ ས་འདམ་དང ་ཆུ་གིས་གང་སྟེ་ཡོད་པའི་ཁར་ གློག་ཐག་ཚུ་ཡང་ མེདཔ་ཐལ་ཡོདཔ་ལས་ སྡོད་ཁྱིམ་དང་ ཚོང་ཁང་ས་ཡ་ ༢ ལྷགཔ་ཅིག་ལུ་ ད་ལྟོ་ཡང་ གློག་མེའི་ཞབས་ཏོག་མེདཔ་ཨིན་པས།
ཆར་རླུང་ལན་ཐེངས་ ༢ པ་ མིལ་ཊཱོན་ཟེར་མི་ལུ་བརྟེན་ཏེ་ ཕཱོལ་རི་ཌའི་ ཤར་ཕྱོགས་ཀྱི་མཚོ་འགྲམ་བདའ་སྟེ་ གནོད་སྐྱོན་སྦོམ་སྦེ་ར་ བྱུང་ཡོདཔ་མ་ཚད་ མི་གྲངས་ ༡༦ ལུ་ཡང་ ཤི་རྐྱེན་བྱུང་ནུག།
ཕཱོལ་རི་ཌའི་ སྐྱེལ་འདྲེན་ལས་ཁུངས་ཀྱིས་ རགས་རོ་ཊག་ ༢,༢༠༠ དེ་ཅིག་ བསལ་ཡོདཔ་ད་ ཆར་རླུང་གི་ ཉེན་ཁ་དང་འབྲེལ་ཏེ་ མངའ་སྡེ་དེ་ནང་གི་ མི་སེར་ཚུ་ ཉེན་སྲུང་ལྡན་པའི་ ས་ཁོངས་ནང་ སྤོ་འགྱོ་དགོ་པའི་ བརྡ་སྐུལ་འབདཝ་བཞིན་དུ་ གནས་སྐབས་ཅིག་གི་དོན་ལས་ གནས་སྤོ་འགྱོ་མི་ཚུ་ ད་རེས་ རང་སོའི་ཁྱིམ་ནང་ ལོག་དོ་ཡོདཔ་ཨིན་པས།
ས་ཁོངས་ཧིལ་བོ་རོ་ཟེར་སར་ སྤྱི་ཟླ་ ༡༠ པའི་ཚེས་ ༡༠ ལུ་ གནོད་རྐྱེན་བརྟག་དཔྱད་འབདཝ་ད་ སྒྲིག་བཀོད་ ༡༣ རྩ་བ་ལས་ར་ རམ་ཡོདཔ་མ་ཚད་ སྒྲིག་བཀོད་ ༡༡༡ དེ་ཅིག་ལུ་ཡང་ གནོད་སྐྱོན་སྦོམ་སྦེ་ར་ བྱུང་ཡོདཔ་སྦེ་མཐོང་ནུག།
ཆར་རླུང་མིལ་ཊཱོན་དེ་ལུ་བརྟེན་ཏེ་ རླུང་འཚུབ་ཚབས་ཆེན་དང་ ཆརཔ་ཤུགས་སྦེ་ རྐྱབ་པའི་རྐྱེན་གྱིས་ མངའ་སྡེ་དེ་ནང་ དཀའ་ངལ་སྦོམ་སྦེ་ར་ བྱུང་ནི་དེ་གིས་ ས་གནས་ཌེ་སཱན་ཏིཛ་ཟེར་ས་ལས་ མི་གྲངས་ ༡,༢༠༠ སྲོག་སྐྱབས་འབད་ཡོདཔ་ཨིན་པས།
རྐྱེན་ངན་དེ་ཚུ་ བསྐྱར་གསོའི་དོན་ལུ་ ཌོ་ལར་ཐེར་འབུམ་ ༣༠ ལས་ ༦༠ གི་བར་ན་ གནས་ནི་ཨིན་པའི་ ཚོད་རྩིས་བཏོན་ཡོདཔ་ད་ ཡུ་ཨེཛ་གཞུང་དང་ གློ་བུར་འཛིན་སྐྱོང་ལས་སྡེ་ ༢ ཀྱིས་ ཡུ་ཨེཛ་གི་སྤྱི་ཚོགས་ལུ་ མ་དངུལ་ཁ་སྐོང་ཚུ་དགོ་པའི་ ཞུ་བ་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1393023
Views Today :
Total views : 5000
Who's Online :