
རོའི་ཊརཛ།
སྤྱི་ཟླ་ ༡༠ པའི་ཚེས་ ༡༦ ལུ་ ཡུ་ཨེཛ་གི་སྲིད་འཛིན་ ཇཱོ་བ་ཡེ་ཌེན་གྱིས་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཛེ་ལེནཛ་ཀི་དང་གཅིག་ཁར་ ཉེན་སྲུང་གི་ གྲོགས་རམ་སྐོར་ལས་ གསུང་གྲོས་གནང་པའི་སྐབས་ལུ་ སྲིད་འཛིན་བ་ཡེ་ཌེན་གྱིས་ ཡུ་ཀེ་རེན་ལུ་ ཌོ་ལར་ས་ཡ་ ༤༢༥ གནས་མི་ དམག་ཆས་ཚུ་གི་ གྲོགས་རམ་བྱིན་ནི་ཨིན་པའི་ གསལ་བསྒྲགས་གནང་ནུག།
གྲོགས་རམ་དེ་ནང་ མཁའ་དབྱིངས་ཉེན་སྲུང་གི་ ལྕོགས་གྲུབ་གོང་འཕེལ་དང་ མཁའ་དམག་མཚོན་ཆ་ དེ་ལས་ ཀྲོབ་མདའ་ཐུབ་མི་ སྣུམ་འཁོར་དང་ གཞན་ཡང་ གནད་འགག་ཅན་གྱི་ གོ་མཚོན་ཚུ་ ཚུདཔ་ཨིན་པས།
སྲིད་འཛིན་ཛེ་ལེནཛ་ཀི་གིས་ མི་སྡེ་བརྡ་བརྒྱུད་ ཊེ་ལི་ག་རམ་ཐོག་ལས་ ཡུ་ཨེཛ་གི་སྲིད་འཛིན་ བ་ཡེ་ཌེན་དང་ སྤྱི་ཚོགས་ དེ་ལས་ མི་སེར་ཚུ་ལུ་ དེ་བཟུམ་མའི་ གྲོགས་རམ་གསརཔ་ གནང་མི་དེ་ལུ་ བཀའ་དྲིན་དགའ་ཚོར་ཡོད་ལུགས་དང་ ཁོ་གིས་ ཡུ་ཀེ་རེན་གྱི་ གནད་དོན་ཁག་ ༥ ཡོད་མི་ རྒྱལ་ཁ་འཐོབ་ཐབས་ཀྱི་ འཆར་གཞི་དེ་ཡང་ བ་ཡེ་ཌེན་ལུ་ གསལ་བཤད་ཕུལ་ཡི་ཟེར་བཀོད་ནུག།
དེ་བཟུམ་སྦེ་ ཡུ་ཨེཛ་དང་ མཉམ་འབྲེལ་ཐོག་ལས་ གོ་མཚོན་བཟོ་བསྐྲུན་གྱི་ གོ་སྐབས་དང་ ཡུ་ཀེ་རེན་གྱི་ དམག་མི་ཚུ་ལུ་ སྦྱོང་བརྡ་ཁ་སྐོང་བྱིན་ནི་ཚུ་ གལ་ཆེ་བའི་སྐོར་ལས་ཡང་ གསུང་གྲོས་བྱུང་ཡི་ཟེར་ཨིན་པས།
དེ་མ་ཚད་ ར་ཤི་ཡ་གིས་ དྲང་བདེན་ཐོག་གི་ དོན་གཅོད་ལག་ལེན་འཐབ་ནི་ཡོདཔ་ བཟོ་ནིའི་དོན་ལས་ ཡུ་ཀེ་རེན་གྱི་ སྟོབས་ཤུགས་བཙན་ཐབས་ལུ་ ཡུ་ཨེཛ་གིས་ ནམ་ར་འབད་རུང་ གྲོགས་རམ་བྱིན་ནི་གི་ གྲ་འགྲིག་ཡོད་མི་ལུ་ཡང་ བཀའ་དྲིན་དགའ་ཚོར་ཡོདཔ་སྦེ་ བཤད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1394438
Views Today :
Total views : 5000
Who's Online :