
རོའི་ཊརཛ།
ཀེ་ན་ཌ་གིས་ ལོ་ངོ་ལེ་ཤ་ཅིག་གི་ཤུལ་ལས་ ད་རེས་ འགོ་དང་པ་ ཕྱི་མི་ནང་བསྐྱོད་ཀྱི་ ཚདགཞི་མར་ཕབ་ཀྱི་ སྲིད་བྱུས་བརྩམས་མི་དེ་ ད་ལྟོའི་གཞུང་གིས་ གནས་ཡུན་འཕྲོ་མཐུད་ལུ་དམིགས་ཏེ་ འོང་ནི་མས་ཟེར་ཨིན་པས།
དེ་ཡང་ གཏན་འཇགས་གནས་སྡོད་ཀྱི་དོན་ལས་ སྤྱི་ལོ་ ༢༠༢༥ ལུ་ ཕྱི་མི་ ༣༩༥,༠༠༠ དང་ སྤྱི་ལོ་ ༢༠༢༦ ལུ་ ༣༨༠,༠༠༠ སྤྱི་ལོ་ ༢༠༢༧ ལུ་ ༣༦༥,༠༠༠ ནང་བསྐྱོད་འབད་བཅུག་ནི་སྦེ་ཨིནམ་ད་ དུས་ཅི་ སྤྱི་ལོ་ ༢༠༢༤ ལུ་ ཕྱི་མི་ནང་བསྐྱོད་ ༤༨༥,༠༠༠ དེ་ཅིག་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ གནས་སྐབས་གནས་སྡོད་ཀྱི་དོན་ལུ་ མི་གྲངས་ ༣༠,༠༠༠ དེ་ཅིག་ མར་ཕབ་ཐོག་ལས་ སྤྱི་ལོ་ ༢༠༢༥ ལུ་ ཕྱི་མི་ ༣༠༠,༠༠༠ དེ་ཅིག་ ནང་བསྐྱོད་འབད་ཆོགཔ་སྦེ་ བཞག་ནི་ཨིན་པས།
ཀེ་ན་ཌའི་ རྒྱལ་ཁབ་དེ་ ད་ཚུན་གྱི་བར་ན་ ཕྱི་མི་ནང་བསྐྱོད་དང་འབྲེལ་བའི་ མིང་གཏམ་ཅན་ཅིག་སྦེ་ གནས་ཡོད་རུང་ འཕྲལ་ཁམས་ཅིག་ཁར་ རྒྱལ་ཡོངས་རྩོད་འགྲན་ཚུ་ནང་ ཕྱི་མི་ནང་བསྐྱོད་དེ་ སྡོད་ཁྱིམ་ཚུ་གི་ ཁང་གླ་ཡར་སེང་འགྱོ་མི་དེ་ གནད་དོན་གཙོ་བོ་ཅིག་སྦེ་ ཐོན་ཡོདཔ་ལས་ ཕྱི་མི་ནང་བསྐྱོད་ཀྱི་ སྲིད་བྱུས་བསྒྱུར་བཅོས་འབད་ནུག།
སྤྱི་ལོ་ ༢༠༢༥ སྤྱི་ཟླ་ ༡༠ པའི་ནང་ གཞུང་བཙག་འཐུ་འབད་ནི་ཨིནམ་ལས་ གནད་དོན་དེ་ ག་ནི་བ་ཡང་ གཙོ་ཅན་ཅིག་ལུ་ གྱུར་ཡོདཔ་ད་ དེ་ཡང་ ཀེ་ན་ཌའི་ མི་སེར་ཚུ་གིས་ ཁོང་གི་རྒྱལ་ཁབ་ནང་ ཕྱི་མི་མང་དྲགས་པའི་ བསམ་འཆར་ཚུ་ བཀོད་པ་ལུ་བརྟེན་ཏེ་ རྒྱལ་ཁབ་ནང་ ཕྱི་མི་གསརཔ་འོང་མི་ཚུ་ལུ་ གནོད་འགེལ་ཚུ་ ལག་ལེན་འཐབ་དོ་ཡོད་པའི་ སྙན་ཞུ་མང་སུ་སྦེ་ ཐོན་ཡོདཔ་ཨིན་པས།
ཨིན་རུང་ བློན་ཆེན་གྱི་ཡིག་ཚང་ལས་ ག་ནི་ཡང་ བཤད་མ་བཏུབ་པར་ཡོདཔ་ད་ ཧེ་མར་ ནད་ཡམས་ཀྱི་སྐབས་ལུ་འབད་བ་ཅིན་ ལས་མི་མ་ལང་པའི་ དཀའ་ངལ་བསལ་ཐབས་ལུ་ གནས་སྐབས་གནས་སྡོད་ཀྱི་ སྒྲིག་གཞི་ཚུ་ གཞུང་གིས་ གོ་ཡངས་ཏོག་ཏོ་སྦེ་ བཟོ་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1401491
Views Today :
Total views : 5000
Who's Online :