
མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ལ་ཡ་ལུ་ འགོ་འདྲེན་འཐབ་མི་ ས་ཁ་མཐོ་སའི་ རྒྱལ་འཛིན་དུས་སྟོན་ ཉིནམ་དང་པའི་ནང་ དབུ་བཞུགས་མཛད་གནང་ཡོདཔ་ད་ དུས་སྟོན་ཐེངས་ ༧ པ་དེ་ཡང་ སྤྱི་ཟླ་ ༡༠ པའི་ཚེས་ ༢༣ ལས་ ༢༤ ཚུན་ ཉིན་གྲངས་ ༢ ཀྱི་རིང་ལུ་ བརྩི་སྲུང་འབད་ནུག།
མི་དབང་མཆོག་གི་ ཐུགས་དགོངས་ལས་འཁྲུངས་པའི་ ལ་ཡ་ས་ཁ་མཐོ་སའི་ རྒྱལ་འཛིན་དུས་སྟོན་དེ་ སྤྱི་ལོ་ ༢༩༡༦ ལུ་ འགོ་བཙུགས་ཡོདཔ་ད་ དུས་སྟོན་དེ་ནང་ འབྲུག་གི་ས་ཁ་མཐོ་སར་སྡོད་མི་ མི་སྡེ་ཚུ་གི་ ལམ་སྲོལ་བཟང་པོ་དང་ འཚོ་བ་སྐྱོང་ཐངས་ཚུ་གི་ དུས་སྟོན་སྦེ་ བརྩི་སྲུང་ཞུཝ་ཨིན་པས།
དུས་སྟོན་དེ་ནང་ རྒྱལ་ཁབ་མཐའ་དབུས་ཀྱི་ ས་ཁ་མཐོ་སའི་ ས་ཁོངས་ཁག་གི་ནང་ལས་ མི་སེར་ཚུ་ འཛོམས་ཡོདཔ་ད་ དེ་བསྒང་ ས་ཁ་མཐོ་སའི་ རྩེད་རིགས་དང་ སྒོ་ནོར་འགྲེམ་སྟོན་ བཟའ་འཐུང་དང་ ཐོན་སྐྱེད་འགྲེམ་སྟོན་ དེ་ལས་ གངས་རི་མཐོན་པོའི་ གདོང་ཕྱོགས་ལུ་སྦེ་ གླུ་གར་གྱི་ལྟདམོ་ཚུ་ཡང་ འགོ་འདྲེན་འཐབ་ནུག།
དུས་སྟོན་དེ་ འཛམ་གླིང་ནང་ ག་ནི་བ་ དོ་འགྲན་ཅན་གྱི་ ས་ཁོངས་ནང་སྦེ་ མི་སྡེ་ཚུ་གིས་ འཚོ་སྐྱོང་འཐབ་ཚུགས་མི་ ནུས་ཤུགས་འབྱུང་གནས་ ཁྱད་ཆོས་ཅན་གྱི་ འཚོ་བ་སྐྱོངས་ཐངས་དང་ ལམ་སྲོལ་བཟང་པོ་ དེ་ལས་ ལམ་སྲོལ་ཅན་གྱི་ ཤེས་ཡོན་དང་ ཤེས་རབ་ཚུ་ལུ་ བརྩི་བཀུར་ཐོག་ལས་ བརྩི་སྲུང་ཞུཝ་ཨིན་པས།
ས་ཁ་མཐོ་སའི་ རྒྱལ་འཛིན་དུས་སྟོན་དེ་ནང་ འབྲུག་གི་ལམ་སྲོལ་མ་འདྲཝ་ཚུ་དང་ སྐྱེ་ལྡན་དང་འབྲེལ་བའི་ སྔར་འཁྱུན་ཚུ་ གསལ་སྟོན་ཐོག་ལས་ ས་ཁ་མཐོ་སའི་ མི་སྡེ་ཚུ་ལུ་ བལྟ་བཤལ་དང་ ས་ཁ་མཐོ་སའི་ ཐོན་སྐྱེད་ཚུ་ལས་ ཁེ་ཕན་འཐོབ་ཐབས་ལུ་ དམིགས་གཏད་བསྐྱེདཔ་ཨིན་པས།
དེ་མ་ཚད་ ལ་ཡའི་བང་རྒྱུགས་ཟེར་ མགར་ས་དཔོན་འཇོ་ཐང་ལས་ ཀི་ལོ་མི་ཊར་ ༢༥,༠༠༠ དེ་ཅིག་ བང་རྒྱུགས་ཐོག་ལུ་ ལ་ཡའི་གཟིགས་སྟོན་ ས་གོ་ཚུན་ ལོ་བསྟར་བཞིན་དུ་ དུས་སྟོན་དང་དུས་མཉམ་སྦེ་ འགོ་འདྲེན་འཐབ་སྲོལ་ཡོདཔ་ཨིན་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1397233
Views Today :
Total views : 5000
Who's Online :