
རོའི་ཊརཛ།
རྒྱ་ནག་གིས་ ལྷོ་པེ་སི་ཕིག་ལུ་ མི་ཛ་ཡེལ་ ཨའི་སི་བི་ཨེམ་ཟེར་མི་ཚུ་ བརྟག་དཔྱད་འབདཝ་ལས་ ཨཱཛ་ཊེ་ལི་ཡ་གིས་ཡང་ མི་ཛ་ཡེལ་མཚོན་ཆ་ཚུ་ མང་སུ་བཟོ་བསྐྲུན་འབད་དེ་ སྲུང་སྐྱོབ་མཉམ་རོགས་ཚུ་ལུ་ ཕྱིར་ཚོང་འཐབ་ནི་ཨིན་པས།
དེ་ཡང་ སྤྱི་ཟླ་ ༡༠ པའི་ཚེས་ ༣༠ ལུ་ ཨཱཛ་ཊེ་ལི་ཡའི་ སྲུང་སྐྱོབ་བཟོ་གྲྭ་བློན་པོ་ པེཊ་ཀཱོན་རོའི་གིས་ པེ་སི་ཕིག་ལུང་ཕྱོགས་དེ་ ཡུན་བརྟན་གྱི་དོན་ལུ་ ཁོང་གི་ཁ་ཐུག་ལས་ མི་ཛ་ཡེལ་ཐོག་གི་ སྲུང་སྐྱོབ་དང་ ཐག་རིང་གནོད་འཚུབ་ཀྱི་ ལྕོགས་གྲུབ་ཚུ་ ཡར་སེང་འབད་དེ་ སྲུང་སྐྱོབ་མཉམ་རོགས་ ཡུ་ཨེཛ་དང་ རྒྱ་པཱན་ དེ་ལས་ ལྷོ་ཀོ་རི་ཡ་ཚུ་དང་གཅིག་ཁར་ མཉམ་འབྲེལ་འཐབ་ནི་ཨིནམ་སྦེ་ གསལ་བཤད་འབད་ནུག།
མདང་ཞག་ སྤྱི་ཟླ་ ༩ པའི་ནང་ རྒྱ་ནག་གིས་ གླིང་ཆེན་ཚུ་ནང་ ལྷོད་ཚུགས་མི་ མགྱོགས་ཤུགས་ཅན་གྱི་ མི་ཛ་ཡེལ་ཚུ་ བརྟག་དཔྱད་འབདཝ་ད་ གོ་མཚོན་དེ་ཚུ་ ཀི་ལོ་མི་ཊར་ ༡༡,༠༠༠ དེ་ཅིག་གི་ས་ཁར་ ཨཱཛ་ཊེ་ལི་ཡའི་ བྱང་ཤར་ཕྱོགས་ཀྱི་ པེ་སི་ཕིག་ རྒྱ་མཚོའི་ནང་ ལྷོད་ཡོདཔ་ཨིན་པས།
དེ་འབདཝ་ལས་ ཨཱཛ་ཊེ་ལི་ཡ་དང་ ཀུག་ཨའི་ཨའི་ལེན་ ཕི་ཇི་ ཀི་རི་བ་ཏི་ ནའུ་རུ་ ནིའུ་ཛི་ལེན་ ནི་ཨུ་ པ་པ་ནིའུ་གི་ནི་ ས་མོ་ཨ་ སོ་ལོ་མཱོན་མཚོ་གླིང་ ཏོང་ག་ ཏུ་བ་ལུ་ དེ་ལས་ བ་ནའུ་ཏུ་ རྒྱལ་ཁབ་ཚུ་གི་བར་ན་ སྤྱི་ལོ་ ༡༩༨༥ ལུ་ ཆ་འཇོག་གྲུབ་མི་ ར་རོ་ཏོང་གའི་ ཆིངས་ཡིག་ནང་ པེ་སི་ཕིག་དེ་ རྡུལ་ཕྲན་ནུས་ཤུགས་མེད་པའི་ ས་ཁོངས་སྦེ་ བཞག་དགོཔ་སྦེ་ཡོད་རུང་ རྒྱ་ནག་གི་ མི་ཛ་ཡེལ་ཚུ་ ལྷོ་པེ་སི་ཕིག་གི་ རྒྱ་མཚོའི་ནང་ ལྷོད་མི་དེ་ ཚ་གྱང་ཅན་གྱི་ གཞི་ཅིག་ཨིནམ་སྦེ་བཀོད་ནུག།
སྤྱི་ཟླ་ ༡༠ པའི་ནང་ ཨཱཛ་ཊེ་ལི་ཡ་གིས་ ཁོང་གི་མཚོ་དམག་གི་དོན་ལུ་ ཨཱཛ་ཊེ་ལི་ཡའི་ཌོ་ལར་ ཐེར་འབུམ་ ༧ གྱི་ ཐག་རིང་མི་ཛ་ཡེལ་ཚུ་ ཡུ་ཨེཛ་རྒྱལ་ཁབ་ལས་ ཉོ་སྒྲུབ་འབད་ནི་ཨིན་པའི་ གསལ་བསྒྲགས་འབད་ཡོདཔ་ཨིན་པས།
དེ་གི་ཧེ་མ་འབད་བ་ཅིན་ མི་ཛ་ཡེལ་ མཁོ་སྒྲུབ་དང་ མི་ཛ་ཡེལ་ཐོག་ལས་ སྲུང་སྐྱོབ་ཀྱི་དོན་ལུ་ ཨཱཛ་ཊེ་ལི་ཡའི་ཌོ་ལར་ ཐེར་འབུམ་ ༧༤ ཟད་འགྲོ་གཏང་ནི་སྦེ་ བཤད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1436627
Views Today :
Total views : 5000
Who's Online :