
སྤྱི་ཟླ་ ༡༠ པའི་ཚེས་ ༢༩ ལུ་ འབྲུག་ལུ་ ཨེ་ཤི་ཡ་ གོང་འཕེལ་དངུལ་ཁང་གི་ རྒྱལ་ཁབ་མདོ་ཆེན་གསརཔ་ ཨམ་སོ་ནོ་མི་ ཏ་ན་ཀ་གིས་ ཕྱི་འབྲེལ་དང་ ཕྱིར་ཚོང་བློན་པོ་ ཌི་ཨེན་དུང་གེལ་ལུ་ ངོ་སྤྲོད་ཡིག་ཆ་ཚུ་ཕུལ་ནུག།
ཨེ་ཤི་ཡ་ གོང་འཕེལ་དངུལ་ཁང་དེ་ སྤྱི་ལོ་ ༡༩༦༦ ལུ་ གཞི་བཙུགས་འབད་ཡོདཔ་ད་ ཕི་ལི་པིན་ལུ་ གཞི་གནས་འབད་དེ་ཡོད་མི་ ལུང་ཕྱོགས་གོང་འཕེལ་དངུལ་ཁང་དེ་ འབྲུག་གི་གོང་འཕེལ་ནང་ གལ་གནད་ཆེ་བའི་ རྒྱལ་སྤྱིའི་གོང་འཕེལ་མཉམ་རོགས་ཅིག་ཨིན་པས།
འབྲུག་རྒྱལ་ཁབ་འདི་ ཨེ་ཤི་ཡ་ གོང་འཕེལ་དངུལ་ཁང་གི་ འཐུས་མི་སྦེ་ སྤྱི་ལོ་ ༡༩༨༢ ལུ་ འཛུལ་ཞུགས་མཛད་ནུག།
ཨམ་ཏ་ན་ཀ་གིས་ ཨེ་ཤི་ཡ་ གོང་འཕེལ་དངུལ་ཁང་ནང་ མི་ལོ་ ༢༥ དེ་ཅིག་གི་རིང་ལུ་ ལཱ་འབད་བའི་ཤུལ་ལས་ ད་རེས་ ཤ་མིད་ཅ་ཀར་ཝར་ཏིའི་ཚབ་ལུ་ རྒྱལ་ཁབ་མདོ་ཆེན་སྦེ་ བསྐོ་བཞག་འབད་ཡོདཔ་ད་ དེ་གི་ཧེ་མར་ ཨམ་ཏ་ན་ཀ་དེ་ ལ་ཨོ་རྒྱལ་ཁབ་ནང་ ཨེ་ཤི་ཡ་ གོང་འཕེལ་དངུལ་ཁང་གི་ རྒྱལ་ཁབ་མདོ་ཆེན་སྦེ་ སྡོད་ཡོདཔ་ཨིན་པས།
ཨམ་ཏ་ན་གིས་ ངོ་སྤྲོད་ཡིག་ཆས་ཚུ་ ཕུལ་བའི་ཤུལ་ལུ་ ཕྱི་འབྲེལ་དང་ ཕྱིར་ཚོང་བློན་པོ་གིས་ བཀྲིས་བདེ་ལེགས་ཡོད་ལུགས་དང་ ད་ལས་ཕར་ མཉམ་འབྲེལ་དམ་ཟབ་ཐོག་ལས་ ཕྱག་ལཱ་གནང་ནི་གི་ རེ་བ་ཡོད་ལུགས་ཚུ་ གསུངས་ཡོདཔ་མ་ཚད་ འབྲུག་གི་འཆར་གཞི་ ༡༣ པའི་ སྒྲིག་བཀོད་ནང་ འབྲུག་དང་ ཨེ་ཤི་ཡ་ གོང་འཕེལ་དངུལ་ཁང་གི་བར་ན་ མཉམ་འབྲེལ་འཕྲོ་མཐུད་ བསྐྱར་གསོའི་སྐོར་ལས་ཡང་ གསུང་གྲོས་ཚུ་ གནང་ཡོད་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1396425
Views Today :
Total views : 5000
Who's Online :