
སི་ཨེན་ཨེན།
རྒྱལ་སྤྱི་ཉེས་ལས་ཁྲིམས་འདུན་གྱི་ ཁྲིམས་རྩོདཔ་གཙོ་འཛིན་གྱིས་ མ་ཡཱན་མར་གྱི་ དམག་སྤྱི་དེ་ འཛིན་བཟུང་གི་ བཀའ་རྒྱ་ཞུ་ཐབས་འབད་ཡོདཔ་ད་ དེ་ཡང་ རོ་ཧིང་གི་ཡ་ མི་རིགས་ཚུ་ སྡུག་སྦྱོང་བཏང་སྟེ་ ཉེས་ལས་འཐབ་པའི་ ཉེས་པ་ཚུ་ལུ་བརྟེན་ཏེ་ཨིན་པས།
རྒྱལ་སྤྱི་ཉེས་ལས་ཁྲིམས་འདུན་གྱི་ ཁྲིམས་རྩོདཔ་གཙོ་འཛིན་ ཀ་རིམ་ཁཱན་གྱིས་ འཛིན་བཟུང་བཀའ་རྒྱའི་དོན་ལུ་ ཞུ་ཡིག་ཕུལ་མིའི་ནང་ དམག་སྤྱི་ཨཱང་མིན་ལ་ཡིང་གིས་ སྤྱི་ལོ་ ༢༠༡༧ སྤྱི་ཟླ་ ༨ པའི་ཚེས་ ༨ ལས་ སྤྱི་ཟླ་ ༡༢ པའི་ཚེས་ ༣༡ ཚུན་ལུ་ རོ་ཧིང་གི་ཡའི་ མི་རིགས་ཚུ་ རྒྱལ་ཁབ་ནང་ལས་ བཏོན་བཏང་ནི་དང་ མ་ཡཱན་མར་དང་ བང་ལ་དེཤ་ རྒྱལ་ཁབ་ ༢ ཀྱི་ནང་ འགྲོ་བ་མི་ལུ་ སྡུག་སྦྱོང་བཏང་ཡོད་པའི་ ཉེས་པ་འཁྲིཝ་ཨིན་པས་ཟེར་བཀོད་ནུག།
མིན་ཨཱང་ལ་ཡིང་དེ་ མི་ཡཱན་མར་ལུ་ སྟོབས་ཤུགས་ཆེ་བའི་ དམག་སྡེའི་འགོ་ཁྲིདཔ་ཨིནམ་ད་ ཁོ་གིས་ སྤྱི་ལོ་ ༢༠༢༡ ལུ་ གཞུང་སྐྱོང་གི་དབང་ཚད་ བཙན་འཕྲོག་འབད་དེ་ རྒྱལ་ཁབ་ཀྱི་ གཞུང་སྐྱོང་འགོ་ཁྲིདཔ་འབད་དེ་ཡོདཔ་ལས་ ཞིབ་དཔྱད་ཚུ་ སྤྱི་ལོ་ ༢༠༡༩ ལས་ འགོ་བཙུགས་ནུག།
ཁྲིམས་རྩོདཔ་ཁཱན་གྱིས་ བང་ལ་དེཤ་ལུ་ ལན་ཐེངས་དག་པ་ཅིག་ར་ བལྟ་སྐོར་ལུ་སོང་སྟེ་ རོ་ཧིང་གི་ཡའི་མི་རིགས་ སྐྱབས་བཅོལ་བ་ཚུ་ལས་ སྒྲུབ་བྱེད་ཚུ་ བསྡུ་ལེན་འབད་ཡོདཔ་ད་ མི་སེར་ཚུ་གིས་ཡང་ ཁོང་ལུ་ དྲང་བདེན་གང་མགྱོགས་ འཐོབ་ཐབས་འབད་དགོ་པའི་ ནན་སྐུལ་འབད་ཡོད་རུང་ བར་སྐབས་ཅིག་ ཁོ་གི་ཞུ་བ་དེ་ རྒྱལ་སྤྱི་ཉེས་ལས་ཁྲིམས་འདུན་ལུ་ བསྣར་འགྱངས་སྦེ་ ལུས་ཡོདཔ་ཨིན་པས།
གལ་སྲིད་ རྒྱལ་སྤྱི་ཉེས་ལས་ཁྲིམས་འདུན་ལས་ འཛིན་བཟུང་གི་ བཀའ་རྒྱ་གནང་རུང་ མ་ཡཱན་མར་དེ་ ཁྲིམས་འདུན་དེ་གི་འཐུས་མི་ རྒྱལ་ཁབ་ ༡༢༣ ཡོད་མིའི་གྲས་ཁར་མིནམ་ལས་ འཛིན་བཟུང་བཀའ་རྒྱ་དེ་ ཚད་འཛིན་ཅན་ཅིག་ འོང་ནི་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1392165
Views Today :
Total views : 5000
Who's Online :