
རོའི་ཊརཛ།
འདས་པའི་བདུན་ཕྲག་ནང་ མ་ལེ་ཤི་ཡ་ལུ་ ཆར་ཤུགས་ལུ་བརྟེན་ཏེ་ ས་གནས་ཏུམ་པག་ཟེར་སར་ སྡོད་ཁྱིམ་དང་ ཚོང་ཁང་ཚུ་ ཆུའི་འོག་ལུ་ ཚུད་ཡོདཔ་ལས་ མི་སེར་ཚུ་ ས་གནས་གཞན་ཁར་ སྤོ་འགྱོ་དགོཔ་ ཐོན་ཡོདཔ་དང་ དེ་བཟུམ་སྦེ་ མཐའ་ཡས་ལེན་ལུ་ཡང་ ཆར་ཤུགས་ཀྱི་ གནོད་སྐྱོན་ཚུ་ བྱུང་ཡོདཔ་ཨིན་པས།
དེ་ཡང་ མ་ལེ་ཤི་ཡའི་ བྱང་ཤར་དང་ མཐའ་ལེན་གྱི་ ལྷོ་ཕྱོགས་ས་གནས་ཚུ་ནང་ ཨ་རྟག་དང་མ་འདྲ་བའི་ ཆར་ཤུགས་ལུ་བརྟེན་ཏེ་ སྡོད་ཁྱིམ་དང་ སྐྱེལ་འདྲེན་གྱི་མཐུད་སྦྲེལ་ དེ་ལས་ བྱཱ་འཚོ་བའི་བསྒང་ཡོད་མི་ ཆུ་ཞིང་ཨེ་ཀར་ སྟོང་ཕྲག་ལས་བཅད་དེ་ མེདཔ་བཏང་ཡོདཔ་མ་ཚད་ མི་ལེ་ཤ་ཅིག་ལུ་ཡང་ ཤི་རྐྱེན་བྱུང་ནུག།
མ་ལེ་ཤི་ཡ་ལུ་ མི་གྲངས་ ༦ ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ མི་གྲངས་ ༡༥༠,༠༠༠ ལྷགཔ་ཅིག་ ས་གནས་གཞན་ཁར་ སྤོ་དགོཔ་ཐོན་ཡོདཔ་མ་ཚད་ དེ་བཟུམ་སྦེ་ མཐའ་ཡས་ལེན་ལུ་འབད་བ་ཅིན་ མི་གྲངས་ ༢༥ ལུ་ཤི་རྐྱེན་དང་ བཟའ་ཚང་ ༣༠༠,༠༠༠ དེ་ཅིག་ལུ་ གནོད་སྐྱོན་ཚུ་ བྱུང་ཡོདཔ་ཨིན་པས།
སྤྱི་ཟླ་ ༡༢ པའི་ཚེས་ ༣ ལུ་ མ་ལེ་ཤི་ཡའི་ རྒྱལ་ཁབ་ནང་ གནས་སྐབས་ཀྱི་ སྡོད་སྒར་ཚུ་ནང་ མི་གྲངས་ ༩༥,༠༠༠ དེ་ཅིག་ ལུས་ཡོདཔ་ད་ གཞན་དེ་ཚུ་ རང་སོའི་ཁྱིམ་ནང་ སླར་ལོག་སོང་ནུག།
ཨིན་རུང་ རྐྱེན་ངན་དེ་ ཡང་བསྐྱར་འཐོན་སྲིད་ནི་ཨིནམ་ལས་ དབང་འཛིན་ཚུ་གིས་ མི་སེར་ཚུ་ལུ་ དྲན་པ་བཏོན་ཏེ་ར་ སྡོད་དགོ་པའི་ དྲན་སྐུལ་ཚུ་འབདཨིན་པས།
མ་ལེ་ཤི་ཡ་ལུ་ཡང་ གནམ་གཤིས་དང་ ཆུ་དཔྱད་ལས་ཁུངས་ཀྱིས་ རླུང་འཚུབ་ལུ་བརྟེན་པའི་ ཆརཔ་ཤུགས་ཅན་སྦེ་ རྐྱབ་ནི་གི་ ཉེན་ཁ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today : 2539
Users Yesterday : 7067
This Month : 9606
This Year : 305572
Total Users : 1017388
Views Today : 2885
Total views : 2941668
Who's Online : 41