ཨའུ་མཚོ་རྣམ་གྲོལ་གླིང་དགོན་འཛིན་གྲྭ་ཚང་ནང་ སངས་རྒྱས་འོད་དཔག་མེད་ཀྱི་སྒྲུབ་ཆེན།

རང་ཟླ་ ༡༠ པའི་ཚེས་ ༡ སྤྱི་ཟླ་ ༡༢ པའི་ཚེས་ ༢ ལས་ འགོ་བཙུགས་ཏེ་ ལྷུན་རྩེ་ཨའུ་མཚོ་རྣམ་གྲོལ་གླིང་དགོན་འཛིན་གྲྭ་ཚང་ནང་སྦེ་ སྐྱབས་རྗེ་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལས་ བླ་སློབ་དང་ དགེ་སློང་ཞལ་གྲངས་ ༢༠༠ ལྷགཔ་ཅིག་གིས་ བདུན་ཕྲག་ ༡ གི་རིང་ལུ་ སངས་རྒྱས་འོད་དཔག་མེད་ཀྱི་ སྒྲུབ་ཆེན་གནངམ་ཨིན་པས།

དེ་ཡང་ འཛམ་གླིང་ནང་ དམག་འཁྲུག་དང་ ས་རུད་ ཆུ་རུད་ལ་སོགས་པའི་ རྐྱེན་ངན་ལུ་བརྟེན་ཏེ་ ཤི་རྐྱེན་བྱུང་མི་ཚུ་གི་དོན་ལས་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ སྦྱིན་བདག་མཛད་དེ་གནངམ་ཨིན་ཟེར་ རྣམ་གྲོལ་གླིང་དགོན་འཛིན་གྲྭ་ཚང་ལས་ སློབ་དཔོན་དངོས་གྲུབ་རྡོ་རྗེ་གིས་ བཤདཔ་ཨིན་པས།

སྒྲུབ་ཆེན་དེ་ རང་ཟླ་ ༡༠ པའི་ཚེས་ ༩ སྤྱི་ཟླ་ ༡༢ པའི་ཚེས་ ༩ ལུ་ དངོས་གྲུབ་བླངས་བ་དང་བཅསཔ་སྦེ་ འགྲོལ་གནང་ནི་ཨིན་པའི་གནས་ཚུལ།

Please follow and like us: