
བི་བི་སི།
སྤྱི་ཟླ་ ༡༢ པའི་ཚེས་ ༡༢ ལུ་ པེ་ལིཛ་ཊིན་གྱི་ ས་གནས་ག་ཟ་ལུ་ ཨིཛ་རེལ་གྱིས་ དྲག་བཅོམ་ཐོག་ལས་ གྲོགས་རམ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་གི་ སྲུང་རྒྱབ་ ༡༢ བརྩིས་ཏེ་ པེ་ལིཛ་ཊིན་གྱི་ མི་ཁུངས་ ༣༥ དམར་བསད་འབད་ནུག།
དེ་བཟུམ་སྦེ་ ས་གནས་ར་ཕཱ་ལུ་ གྲོགས་རམ་སྐྱེལ་འདྲེན་སྣུམ་འཁོར་ཚུ་ འཕྲོག་བཅོམ་ལས་ ཉེན་སྲུང་འབད་མི་ སྲུང་རྒྱབ་ ༧ དང་ ཁཱན་ཡུ་ནིཛ་ ས་ཁོངས་ནང་ཡང་ སྲུང་རྒྱབ་ ༥ དམར་བསད་འབད་ཡོདཔ་ཨིན་པས།
དེ་ལས་ གཞན་ཡང་ ཨིཛ་རེལ་གྱིས་ ནུ་སི་རཱཏ་གི་ ཉེ་འདབས་ལུ་ཡོད་མི་ སྐྱབས་བཅོལ་བའི་སྒར་གུ་ དྲག་བཅོམ་ཐོག་ལས་ མི་གྲངས་ ༡༥ དམར་བསད་འབད་ཡོདཔ་མ་ཚད་ མང་ཤོས་ཅིག་ ཨ་ལོ་ཚུ་ཨིན་མི་ མི་གྲངས་ ༣༠ དེ་ཅིག་ལུ་ཡང་ རྨ་སྐྱོན་ཚུ་བྱུང་ནུག།
གྲོགས་རམ་སྐྱེལ་འདྲེན་གྱི་ སྣུམ་འཁོར་ཚུ་ཡང་ ཕྱེ་དོ་ཚུ་འབག་སྟེ་ པེ་ལིཛ་ཊིན་གྱི་དོན་ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ གྲོགས་རམ་ལས་སྡེའི་ མཛོད་ཁང་ཡོད་སར་ འགྲུལ་བསྐྱོད་འབད་བའི་སྐབས་ལུ་ འཕྲོག་བཅོམ་འབད་ཡོདཔ་ཨིན་པས།
དེ་ཡང་ འཕྲལ་ཁམས་ཅིག་ཁར་ ལྷོག་ཕྱོགས་ག་ཟའི་ ས་ཁོངས་ནང་ བཟའ་འཐུང་མ་ལང་པའི་ དཀའ་ངལ་ཐོན་ཏེ་ཡོདཔ་ལས་ འཛམ་གླིང་སྤྱི་ཚོགས་ཀྱི་ གྲོགས་རམ་འབད་མི་ཚུ་གིས་ བཟའ་ཆས་ཚུ་ སྐྱེལ་འདྲེན་འབད་མི་ལུ་ ཨིཛ་རེལ་གྱིས་ དྲག་བཅོམ་ཐོག་ལས་ གནོད་འཚུབ་བཀལ་ཡོདཔ་སྦེ་བཀོད་ནུག།
ཨིཛ་རེལ་དང་ ཧ་མཱཛ་གི་བར་ན་ སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༡༠ པའི་ཚེས་ ༧ ལུ་ ཕྱད་མདའ་འགོ་བཙུགས་ཞིནམ་ལས་ཚུར་ ད་ཚུན་གྱི་བར་ན་ ཨིཛ་རེལ་གྱི་ དམག་མི་ཚུ་གིས་ གྲོགས་རམ་སྐྱེལ་འདྲེན་སྣུམ་འཁོར་ཚུ་ སྲུང་སྐྱོབ་འབད་མི་ ཁྲིམས་སྲུང་འགག་པ་ ༧༠༠ དེ་ཅིག་ དམར་བསད་འབད་ཡོདཔ་སྦེ་ ཧ་མཱཛ་གིས་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today : 118
Users Yesterday : 1303
This Month : 65790
This Year : 294631
Total Users : 1006447
Views Today : 165
Total views : 2926197
Who's Online : 4