
བི་བི་སི།
ཡུ་ཨེཛགི་སྲིད་འཛིན་ ཇཱོ་བ་ཡེ་ཌེན་གྱིས་ སྲིད་འཛིན་གྱི་དབང་ཆ་ ལག་ལེན་འཐབ་ཐོག་ལས་ དྲག་རྒོལ་མིན་པའི་ ཉེས་འགེལ་གྱི་ བཙོན་ཁྲིམས་ཕོག་མི་ ཨ་མེ་རི་ཀའི་ མི་སེར་ ༣༩ ལུ་ བཙོན་ཁྲིམས་དགོངས་ཡངས་དང་ གཞན་མི་ ༡,༥༠༠ ལུ་ ཉེས་ཁྲིམས་མར་ཕབ་གནང་ནུག།
དེ་ཡང་ ཡུ་ཨེཛ་གི་ རྩ་ཁྲིམས་ཆེན་མོའི་ནང་ སྲིད་འཛིན་ཕྱིར་དབྱུངས་ལུ་ དབང་ཆ་མེདཔ་མ་གཏོགས་ ཡུ་ཨེཛ་གི་ རྒྱབ་འགལ་ལུ་ གནོད་འགེལ་དང་འབྲེལ་ཏེ་ དགོངས་ཡངས་གནང་ནི་གི་ དབང་ཆ་ཡོདཔ་ཨིན་པས།
དེ་འབདཝ་ལས་ སྤྱི་ཟླ་ ༡༢ པ་འདི་ གསར་ཚེས་དང་བསྟུན་ཏེ་་ སྲིད་འཛིན་ཇཱོ་བ་ཡེ་ཌེན་གྱིས་ ཁོ་རའི་བུ་ ཧཱན་ཊར་ལུ་ ཉེས་ཁྲིམས་དགོངས་ཡངས་ གནང་པ་ལུ་བརྟེན་ཏེ་ ད་ལས་ཕར་ སྲིད་འཛིན་ཚུ་གིས་ རང་དང་འཆམ་མཐུནམ་ཚུ་ལུ་ དེ་བཟུམ་མའི་ དགོངས་ཡངས་གནང་ནི་གི་ ལམ་སྲོལ་གསརཔ་ བཙུགས་དོ་བཟུམ་ཅིག་ཨིན་པས་ཟེར་ ཁ་བཏང་སའི་ གཞི་ཅིག་ལུ་གྱུར་ནུག།
ད་རེས་ དགོངས་ཡངས་གནང་མི་ཚུ་དང་འབྲེལ་ཏེ་ སྲིད་འཛིན་གྱིས་ གསུངས་དོ་བཟུམ་འབད་བ་ཅིན་ ཉེས་དོགས་པ་ཚུ་གིས་ ཀུན་སྤྱོད་བསྐྱར་གསོ་ལུ་ མཐར་འཁྱོལ་ཏེ་ རང་སོའི་མི་སྡེ་ཚུ་ སྒྲིང་སྒྲིང་དང་ ཉེན་སྲུང་དང་ལྡནམ་ བཟོ་ནི་གི་ ཁས་ལེན་ཡོདཔ་ལས་ དགོངས་ཡངས་ཚུ་ གནང་ཡི་ཟེར་ཨིནམ་ད་ དེ་སྦེ་ དགོངས་ཡངས་ཐོབ་མི་ཚུ་ཡང་ དྲག་རྒོལ་མིན་པར་ སྨྱོ་རྫས་དང་འབྲེལ་བའི་ ཉེས་ཁྲིམས་ཕོག་མི་ཚུ་ཨིན་པས།
དེ་བཟུམ་སྦེ་ ཉེས་ཁྲིམས་མར་ཕབ་གནང་མི་ཚུ་ཡང་ ནད་ཡམས་ཀོ་ཝིཌ་གི་ དུས་སྐབས་ལས་ཚུར་ རང་སོའི་ཁྱིམ་ནང་ལས་ ཕྱི་ཁར་ཐོན་ནི་མེདཔ་སྦེ་ བཞགཡོད་མི་ཚུ་ཨིནམ་ད་ ཁོང་ལུ་ ཉེས་ཁྲིམས་ཚུ་ བཀལ་ནི་སྦེ་ཡོད་རུང་ དུས་ཡུན་འགོར་མི་ལུ་བརྟེན་ཏེ་ དགོངས་ཡངས་གནང་ནུག།
སྲིད་འཛིན་བའི་ཌེན་དེ་ སྤྱི་ལོ་ ༢༠༢༥ སྤྱི་ཟླ་ ༡ པའི་ཚེས་ ༢༠ ལུ་ སྲིད་འཛིན་གསརཔ་ ཌོ་ནཱལ་ཊམ་གྱི་ གཞུང་སྐྱོང་དབུ་བརྙེས་ནི་དང་འབྲེལ་ཏེ་ ཝ་ཡིཊ་ཧ་འུཛ་ནང་ལས་ འཐོན་འབྱོན་ནི་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1396273
Views Today :
Total views : 5000
Who's Online :