
བི་བི་སི།
སྤྱི་ཟླ་ ༡༢ པའི་ཚེས་ ༡༧ ལུ་ ཝ་ནུ་ཨ་ཏུ་ རྒྱལ་ཁབ་ནང་ ས་ཡོམ་ཤུགས་ཚད་ མེག་ནེ་ཅཱུད་ ༧.༣ འབད་མི་ཅིག་ རྐྱབ་པ་ལུ་བརྟེན་ཏེ་ མི་གྲངས་ ༡༤ ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ མི་གྲངས་ ༢༠༠ ལྷགཔ་ཅིག་ལུ་ཡང་ རྨ་སྐྱོན་བྱུང་ཡོདཔ་ཨིན་པས།
དེ་བསྒང་ ས་ཡོམ་དེ་གིས་ ཝ་ནུ་ཨ་ཏུ་ལུ་ཡོད་མི་ ཡུ་ཨེཛ་དང་ ཕཱ་རནཛ་ ཡུ་ཀེ་ ནིའུ་ཛི་ལེན་ རྒྱལ་ཁབ་ཁག་གི་ གཞུང་ཚབ་ཡིག་ཚང་ཚུ་རྩིས་ཏེ་ སྒྲིང་ཁྱིམ་ལེ་ཤ་ཅིག་་ལུ་ གནོད་སྐྱོན་བྱུང་ཡོདཔ་མ་ཚད་ གློག་མེ་དང་ བརྒྱུད་འཕྲིན་གྱི་ ཞབས་ཏོག་ཚུ་ལུ་ཡང་ གནོད་སྐྱོན་བྱུང་ནུག།
ཝ་ནུ་ཨ་ཏུ་ ཁྲིམས་སྲུང་འགག་སྡེ་གིས་ བཤད་དོ་བཟུམ་འབན་བ་ཅིན་ འཚོལ་ཞིབ་དང་ གྲོགས་རམ་གྱི་ལཱ་ཚུ་འབད་བའི་བསྒང་ཡོདཔ་ལས་ ཉིན་གྲངས་ ༧ གྱི་རིང་ལུ་ མི་སེར་ཚུ་ ཕར་ཚུར་འགྱོ་མ་ཆོགཔ་སྦེ་ གསལ་བསྒྲགས་འབད་ཡི་ཟེར་ཨིན་པས།
དེ་ཡང་ མི་གྲངས་ ༤ རྒྱལ་ས་པོཊ་ཝི་ལའི་ སྨན་ཁང་ནང་སྦེ་ ཤི་རྐྱེན་བྱུང་ཡོདཔ་ད་ མི་གྲངས་ ༦ ས་རུད་ཆད་སར་དང་ མི་གྲངས་ ༤ དེ་ཅིག་ སྒྲིང་ཁྱིམ་རམ་འགྱོ་མིའི་ འོག་ལུ་ཚུད་དེ་ ཤི་རྐྱེན་བྱུང་ནུག།
ཝ་ནུ་ཨ་ཏུ་ལུ་ཡོད་མི་ རྒྱ་ནག་གི་ གཞུང་ཚབ་ཡིག་ཚང་ལས་ ལི་མིང་གང་གིས་ བཤད་དོ་བཟུམ་འབད་བ་ཅིན་ ས་ཡོམ་གྱི་ རྐྱེན་ངན་དེ་ནང་ རྒྱ་ནག་གི་ མི་ཁུངས་ ༢ ལུ་ཡང་ ཤི་རྐྱེན་བྱུང་ནུག་ཟེར་ཨིན་པས།
འཛམ་གླིང་སྤྱི་ཚོགས་ འགྲོ་བ་མིའི་མཉམ་འབྲེལ་ཡིག་ཚང་ལས་ ས་ཡོམ་དེ་གིས་ གནོད་སྐྱོན་ཚབས་ཆེན་སྦེ་ར་ བྱུང་ཡོདཔ་ལས་ ད་ལས་ཕར་ མི་གྲངས་ ༡༡༦,༠༠༠ དེ་ཅིག་ལུ་ གནོད་སྐྱོན་འབྱུང་ནི་བཟུམ་ཅིག་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 1042
Users Yesterday : 6933
This Month : 65411
This Year : 294252
Total Users : 1006068
Views Today : 8482
Total views : 2924899
Who's Online : 8