
བི་བི་སི།
སྤྱི་ཟླ་ ༡ པའི་ཚེས་ ༧ གྱི་དྲོ་པར་ ས་གནས་ཀྱི་ཆུ་ཚོད་ ༩ དེ་ཅིག་ཁར་ བོད་གངས་ཅན་ལྗོངས་ཀྱི་ ལུང་ཕྱོགས་ཅིག་ནང་ ས་ཡོམ་ཤུགས་ཚད་ མེ་ནི་ཅཱུད་ ༧.༡ འབད་མི་ རྐྱབ་ཡོདཔ་ལས་ མི་གྲངས་ ༡༢༦ དེ་ཅིག་ལུ་ ཤི་རྐྱེན་དང་ ༡༨༨ དེ་ཅིག་ལུ་ རྨ་སྐྱོན་བྱུང་ནུག།
དེ་བཟུམ་སྦེ་ ཁྱིམ་མཚེས་རྒྱལ་ཁབ་ འབྲུག་དང་ ནེ་པཱལ་ དེ་ལས་ རྒྱ་གར་གྱི་ ས་གནས་དག་པ་ཅིག་གི་ནང་ཡང་ ས་ཡོམ་དེ་ རྐྱབ་ཡོད་རུང་ མི་དང་ རྒྱུ་དངོས་ཚུ་ལུ་ གནོད་སྐྱོན་བྱུང་ཡོད་པའི་ སྙན་ཞུ་ཚུ་ མེདཔ་ཨིན་པས།
རྒྱ་ནག་གི་ མཐའ་ཟུར་ཅིག་ནང་ཨིན་མི་ ལུང་ཕྱོགས་དེ་ནང་ མ་ཡོམ་དེ་གིས་ སྒྲིང་ཁྱིམ་ ༣,༦༠༩ དེ་ཅིག་ཡང་ ཧྲམ་བཏང་ཡོདཔ་ལས་ མི་སེར་སྟོང་ཕྲག་ལེ་ཤ་ཅིག་ ག་ནི་བ་ བསིལ་དྲགས་ཆེ་བའི་ གནམ་དགུན་གྱི་ དུས་ཚོད་ཁར་ སྡོད་ཁྱིམ་མེད་པར་ཡོདཔ་སྦེ་བཀོད་ནུག།
ཨིན་རུང་ སྤྱི་ཟླ་ ༡ པའི་ཚེས་ ༨ ལུ་ སྲོག་སྐྱབས་ཀྱི་ ལཱ་འབད་མི་ ༡༤,༠༠༠ དེ་ཅིག་གིས་ སྒྲིང་ཁྱིམ་རམ་འགྱོ་མི་ རག་རོ་ཚུ་གི་ནང་ལས་ མི་གྲངས་ ༤༠༠ ལྷགཔ་ཅིག་ སྲོག་སྐྱབས་འབད་ཡོདཔ་ཨིན་པས།
རྒྱ་ནག་གཞུང་གིས་ ལུང་ཕྱོགས་དེ་ནང་ བརྡ་བརྒྱུདཔ་ཚུ་ འགྱོ་མ་ཆོགཔ་སྦེ་ བཀག་དམ་འབད་བའི་ཁར་ ཡོངས་འབྲེལ་ཨིན་ཊར་ནེཊ་ཚུ་ཡང་ བཀག་དམ་འབད་ཡོདཔ་ལས་ གནས་ཚུལ་དེ་ཚུ་ག་ར་ རྒྱ་ནག་གཞུང་འབྲེལ་གྱི་ བརྡ་བརྒྱུད་ལས་སྡེ་ཚུ་བརྒྱུད་དེ་ གོ་མི་ཚུ་རྐྱངམ་ཅིག་ཨིན་ཟེར་བཀོད་ནུག།
རྒྱ་ནག་གི་ གནམ་གཤིས་བརྟག་དཔྱད་ལས་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ལུང་ཕྱོགས་དེ་ནང་ ཉིན་མར་ཡང་ གྱང་ཤུགས་ཀྱི་གནས་ཚད་ ཌི་གི་རི་སེལ་ཤེཛ་-༨ ལུ་ ལྷོད་དེ་ཡོདཔ་ལས་ སྲོག་སྐྱབས་ཀྱི་ ལཱ་འབད་མི་ཚུ་ལུ་ བར་ཆད་སྦོམ་སྦེ་ར་ བྱུང་སྟེ་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1437054
Views Today :
Total views : 5000
Who's Online :