
བི་བི་སི།
སྤྱི་ཟླ་ ༡ པའི་ཚེས་ ༡༦ ལུ་ སྲོག་སྐྱབས་སྡེ་ཚན་དང་གཅིག་ཁར་ ལཱ་འབད་མི་ ཁས་བླངས་པ་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ལྷོ་ཨཕ་རི་ཀ་ལུ་ ཁྲིམས་འགལ་ཐོག་ལས་ གསེར་བཏོན་ས་གཏེར་གྱི་ ལཱ་འབད་མི་ སའི་འོག་ལུ་ཚུད་མི་ཚུ་ ཕྱི་ཁར་བཏོན་ཚར་ཡི་ཟེར་ཨིན་པས།
དེ་ཡང་ ཁྲིམས་ཀྱི་འདུན་ས་ལས་ གཞུང་ལུ་ སྲོག་སྐྱབས་ཀྱི་ ལཱ་འབད་དགོ་པའི་ བཀའ་རྒྱ་གནང་མི་དང་འཁྲིལ་ཏེ་ སྤྱི་ཟླ་ ༡ པའི་ཚེས་ ༡༣ ལས་ ད་ཚུན་གྱི་བར་ན་ ཕུངམོ་ ༧༨ དང་ གསོན་པོ་ ༢༠༠ ལྷགཔ་ཅིག་ ཕྱིར་བཏོན་འབད་ནུག།
སྤྱི་ཟླ་ ༡༡ པའི་ནང་ གཞུང་གིས་ ཁྲིམས་སྲུང་འགག་སྡེ་ལུ་ ཁྲིམས་འགལ་ཐོག་ལས་ ས་གཏེར་གྱི་ ལཱ་འབད་མི་ཚུ་ མཇུག་བསྡུ་ཐབས་ལུ་ འཛིན་བཟུང་འབད་དགོ་པའི་ བཀའ་རྒྱ་གནང་པའི་ཤུལ་ལས་ འགོ་བཙུགས་ཡོདཔ་ཨིན་པས།
སྤྱི་ཟླ་ ༡ པའི་ཚེས་ ༡༤ ལུ་ ས་གཏེར་བློན་པོ་དང་ ཁྲིམས་སྲུང་འགག་སྡེ་གིས་ ས་ཁོངས་དེ་ནང་ བལྟ་སྐོར་འབདཝ་ད་ མི་ཚུ་གིས་ ཚིག་རྩུབ་ཐོག་ལས་ འཐོན་འགྱོ་དགོཔ་སྦེ་ སླབ་ཡོདཔ་མ་ཚད་ ཤི་རྐྱེན་བྱུང་མི་ཚུ་གི་སྐོར་ལས་ཡང་ གཞུང་ལུ་ ཁ་ཉེས་བཀལ་ནུག།
ཁྲིམས་སྲུང་འགག་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ སྲོག་སྐྱབས་ཀྱི་ ལཱ་འགོ་མ་བཙུགས་པའི་ཧེ་མར་ ས་གཏེར་གྱི་ ལཱ་འབད་མི་ ༡,༠༠༠ ལྷགཔ་ཅིག་ འཛིན་བཟུང་འབད་ཡོད་རུང་ གཞན་མི་ཚུ་ འཛིན་བཟུང་ལས་ བྲོས་ཟུར་འབད་དེ་ ས་འོག་ལུ་ གཡིབ་སྡོད་ནུག་ཟེར་ཨིན་པས།
ག་དེ་སྦེ་ཨིན་རུང་ སྲོག་སྐྱབས་ཀྱི་ ལཱ་འབད་མི་ཚུ་གིས་ ས་འོག་ལུ་ ཁྲིམས་འགལ་ཐོག་ལས་ ས་གཏེར་གྱི་ ལཱ་འབད་མི་ཡོད་མེད་ གཏན་འཁེལ་གྱི་དོན་ལས་ དྲྭ་ཁྱིམ་བཏང་སྟེ་ དབྱེ་ཞིབ་འབད་ནི་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 1292
Users Yesterday : 1422
This Month : 16463
This Year : 180147
Total Users : 538124
Views Today : 2206
Total views : 1695085
Who's Online : 7