
ཕྱི་འབྲེལ་དང་ ཕྱིར་ཚོང་ལྷན་ཁག་ལས་ གནས་ཚུལ་གསར་བཏོན་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ སྤྱི་ཟླ་ ༡ པའི་ཚེས་ ༡༨ ལུ་ སྤྱི་ཟླ་ ༢ པའི་ཚེས་ ༡ ཚུན་ མི་རྗེ་བློན་ཆེན་མཆོག་ ཡུ་རོབ་ལུ་ གཞུང་འབྲེལ་གཟིགས་སྐོར་གནང་པར་ བྱོན་ཡོདཔ་སྦེ་ཨིན་པས།
དེ་ཡང་ མི་རྗེ་བློན་ཆེན་ དྲགོས་ཚེ་རིང་སྟོབས་རྒྱས་ཀྱིས་ སུ་ཡིད་ཟར་ལེན་ ཌ་ཝོཛ་ལུ་ འཚོགས་གནང་ནི་ཨིན་མི་ འཛམ་གླིང་དཔལ་འབྱོར་གྲོས་གནས་ཀྱི་ ཞལ་འཛོམས་ཐེངས་ ༥༥ པའི་ནང་ གྲལ་གཏོགས་མཛད་ནིའི་དོན་ལུ་ཨིན་པས།
དེ་སྦེ་ ཉིན་གྲངས་ ༥ གི་རིང་ལུ་ འཚོགས་གནང་ནི་ཨིན་མི་ ཞལ་འཛོམས་མ་འདྲཝ་ཚུ་ནང་ མི་རྗེ་བློན་ཆེན་གྱིས་ གསུང་བཤད་གནང་ནི་ཨིནམ་མ་ཚད་ གཞུང་གི་དབུ་ཁྲིད་ཚུ་དང་ བཟོ་གྲྭ་ཁག་གི་ འགོ་ཁྲིདཔ་ཚུ་དང་ཡང་ མཇལ་ཕྲད་མཛད་ནི་ཨིན་པས།
མི་རྗེ་བློན་ཆེན་མཆོག་གིས་ ཌ་ཝོཛ་ལུ་ འཛམ་གླིང་དཔལ་འབྱོར་གྲོས་གནས་ཀྱི་ ཞལ་འཛོམས་ནང་ དེ་སྦེ་ གྲལ་གཏོགས་མཛད་མི་དེ་ འབྲུག་གི་འགོ་ཁྲིདཔ་དང་པ་ འོང་ནི་ཨིན་པས།
དེ་མ་ཚད་ མི་རྗེ་བློན་ཆེན་མཆོག་གིས་ བེལ་ཇི་ཡམ་དང་ ལུ་སམ་བཱག་ལུ་ཡང་ གཟིགས་སྐོར་གནང་སྟེ་ ཡུ་རོ་པིན་ མཐུན་ཚོགས་ཀྱི་ འགོ་ཁྲིདཔ་གསརཔ་དང་ ཆེ་མཐོའི་འགོ་དཔོན་ཚུ་དང་ཡང་ མཇལ་ཕྲད་མཛད་ནི་གི་ ལས་རིམ་ཡོད་ཟེར་ གནས་ཚུལ་གསར་བཏོན་ནང་ བཀོད་འདུག་པའི་གནས་ཚུལ།




Users Today : 406
Users Yesterday : 1867
This Month : 19094
This Year : 182778
Total Users : 540755
Views Today : 619
Total views : 1699927
Who's Online : 11