ལྷུན་རྩེ་ཨའུ་ཚོ་རྣམ་གྲོལ་གླིང་ དགོན་འཛིན་གྲྭ་ཚང་ནང་ སངས་རྒྱས་སྨན་ལྷའི་སྒྲུབ་ཆེན།

ཤི་སྦྲུལ་ཟླཝ་ ༡༡ པའི་ཚེས་ ༡༦ སྤྱི་ཟླ་ ༡ པའི་ཚེས་ ༡༤ ལས་ འགོ་བཙུགས་ཏེ་ སྐྱབས་རྗེ་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལུ་ བླ་སློབ་དང་ དགེ་སློང་ཞལ་གྲངས་ ༢༠༠ ལྷགཔ་ཅིག་གིས་ ལྷུན་རྩེ་ཨའུ་ཚོ་རྣམ་གྲོལ་གླིང་ དགོན་འཛིན་གྲྭ་ཚང་ནང་ ལོ་བསྟར་སངས་རྒྱས་སྨན་ལྷའི་སྒྲུབ་ཆེན་ ཐེངས་ ༦ པ་ གནང་དོ་ཡོདཔ་ད་ སྒྲུབ་ཆེན་དེ་ ཤི་སྦྲུལ་ཟླཝ་ ༡༡ པའི་ཚེས་ ༢༣ སྤྱི་ཟླ་ ༡ པའི་ཚེས་ ༢༢ ལུ་ དངོས་གྲུབ་བླངས་ཆོག་དང་བཅསཔ་སྦེ་ འགྲོལ་གནང་ནི་ཨིན་པས། སྒྲུབ་ཆེན་དེ་ཡང་ སྤྱིར་འཛམ་གླིང་རྒྱལ་ཁབ་ཡོངས་དང་ ལྷག་པར་དུ་ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་འདི་ནང་ ཞི་བདེ་འབྱུང་ཐབས་ལུ་དང་ ཡང་སྒོས་སུ་ མི་དབང་ཡབ་མེས་སྲས་ ༣ གྱིས་ དབུ་གཙོས་པའི་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་གི་ ཐུགས་དོན་ཚུ་ རང་བཞིན་ལྷུན་གྱིས་ འགྲུབ་ཐབས་ལུ་དམིགས་ཏེ་ གནངམ་ཨིན་པའི་གནས་ཚུལ།

Please follow and like us: