
ཨཱལ་ཇ་ཟི་ར།
སྤྱི༌ཟླ༌ ༡ པའི༌ཚེས༌ ༢༠ ལུ༌ དགུང་ལོ་ ༧༨ བཞེས་མི་ ཌོ་ནཱལ་ཊཱམ་གྱིས་ ཡུ་ཨེཛ༌གི་ སྲིད་འཛིན་ ༤༧ པའི་ ཁྲི་འདོན་མཛད་སྒོ་དང་འབྲེལ་ཏེ་ དམ་བཅའ་བཞེས་ཡོདཔ་ད་ དེ༌ཡང་ ལོ་ངོ༌ ༤ གི་ཤུལ་ལས་ ལོག༌སྟེ༌ར༌ སྲིད༌འཛིན༌སྦེ༌ བཙག༌འཐུ༌གྲུབ༌ནུག།
དེ་བཟུམ་སྦེ་ སྤྱི་ལོ་ ༢༠༡༧ ལས་ ༢༠༢༡ ཚུན་ མི་ལོ་ ༤ གི་རིང་ལུ་ཡང་ སྲིད་འཛིན་མཛད་ཡོདཔ་ད་ ད་རེས་ ལོག་སྟེ་ར་ བཙག་འཐུ་གྲུབ་ཡོདཔ་ལས་ ཡུ་ཨེཛ་གི་ སྲིད་འཛིན་ཐེངས་ ༢ པ་ མཛདཔ་ཨིན་པས།
དེ་འབདཝ་ལས་ ཧེ་མ་དང་ཕྱདཔ་ད་ ད་རེས་ བློ་སྟོབས་སྦོམ་སྦེ་ར་ ཐོབ་ཡོདཔ་ལས་ ཡིག་ཚང་ནང་ འགོ་དང་པ་ འཛུལ་ཞུགས་མཛད་མི་དང་འབྲེལ་ཏེ་ བཀོད་ཁྱབ་བཀའ་རྒྱ་ཚུ་ལུ་ མཚན་རྟགས་བཀོད་ནི་ཨིན་པའི་ གསལ་བསྒྲགས་གནང་ནུག།
དེ་ཡང་ བཀོད་ཁྱབ་བཀའ་རྒྱ་ཚུ་ལུ་བརྟེན་ཏེ་ ཨ་མི་རི་ཀའི་ བསྐྱར་གསོ་ཆ་ཚང་དང་ གཞུང་རྒོལ་འབད་ནི་གི་ སྤྱི་བཏང་མནོ་ལུགས་ཚུ་ གཞི་སྒྱུར་འབད་དེ་ ཚོང་འབྲེལ་གྱི་ ནུས་ཤུགས་སྲིད་བྱུས་གསརཔ་དང་ ཕྱི་མི་ནང་སྐྱོདཚུ་ བཀག་ཆ་གིས་མ་ཚད་པར་ ས་མཚམས་རྒྱ་སྐྱེད་གཏང་ནི་གི་ ཁས་བླངས་ཐོག་ལས་ ཡུ་ཨེཛ་གིས་ པ་ན་མ་ལུ་ བཟོ་བསྐྲུན་འབད་མི་ ཆུ་གཡུར་དེ་ཡང་ ལོག་ལེན་ནི་ཨིན་པའི་ ཉེན་བརྡ་མཛད་ཡོདཔ་ཨིན་པས།
སྤྱི་ལོ་ ༢༠༡༧ ལོར་ སྲིད་འཛིན་མཛད་པའི་སྐབས་ཀྱི་ ཁྲི་འདོན་མཛད་སྒོའི་ གསུང་བཤད་ནང་གསལ་ལྟར་དུ་ ཡུ་ཨེཛ་རྒྱལ་ཁབ་ཅིག་སྦེ་ དཔར་རིས་བཀོད་མི་དེ་ ད་རེས་ཡང་ ལོག་སྟེ་ར་ གསལ་བཀོད་མཛད་ནུག།
ད་ལས་ཕར་ ང་བཅས་ཀྱིས་ རྒྱལ་ཁབ་ནང་ དགའ་སྤྲོ་དང་ལྡན་པའི་ དུས་བསྐལ་གསརཔ་ཅིག་ འགོ་བཙུགས་ཚུགས་པའི་ བློ་གཏད་གདེང་འཁེལ་དང་ རེ་འདུན་ཡོད་ལུགས་ཚུ་ཡང་ གསུངས་ཡོདཔ་སྦེ་ བཀོད་འདུག་པའི་གནས་ཚུལ།






Users Today : 1057
Users Yesterday : 1729
This Month : 4859
This Year : 184762
Total Users : 896578
Views Today : 2897
Total views : 2633214
Who's Online : 12