ཊར་ཀིའི་དབུས་ཕྱོགས་ལུ་ ཁང་ཚན་ཡོད་མི་ སྒྲིང་ཁྱིམ་ཅིག་ རམ་སོང་ཡོདཔ།

ཨེ་བི་སི།་
སྤྱི་ཟླ་ ༡ པའི་ཚེས་ ༢༥ གི་དྲོ་པར་ ཊར་ཀིའི་དབུས་ཕྱོགས་ལུ་ ཁང་ཚན་ཡོད་མི་ སྒྲིང་ཁྱིམ་ཅིག་ རམ་འགྱོ་བའི་ཤུལ་ལས་ སྲོག་སྐྱབས་ཀྱི་ ལཱ་འབད་མི་ཚུ་གིས་ མི་གྲངས་ ༣ སྲོག་སྐྱབས་འབད་ཡོདཔ་ད་ ད་རུང་ མི་ ༢ རག་རོའི་འོག་ལུ་ ཚུད་ཡོད་རུང་ ཤི་རྐྱེན་བྱུང་ཡོད་པའི་ སྙན་ཞུ་མེདཔ་ཨིན་པས།
རྐྱེན་ངན་དེ་ཡང་ ཊར་ཀིའི་ནུབ་བྱང་ཁ་ཐུག་ལུ་ཡོད་མི་ གངས་རིའི་ས་ཁོངས་ནང་ སྤྱི་ཟླ་ ༡ པའི་ཚེས་ ༢༣ ལུ་ ཐོག་ཚད་ ༡༢ འབད་མི་ བཟའ་ཁང་ཅིག་ལུ་ མེ་རྐྱེན་བྱུང་སྟེ་ མི་གྲངས་ ༧༨ ལུ་ ཤི་རྐྱེན་བྱུང་པའི་ཤུལ་ལས་ བྱུང་ཡོདཔ་ཨིན་པས།
སྒྲིང་ཁྱིམ་དེ་ རམ་འགྱོ་མིའི་སྐོར་ལས་ ཁ་གསལ་སྦེ་ ཤེས་རྟོགས་མ་བྱུང་རུང་ ཞིབ་དཔྱད་འབད་དོ་ཡོདཔ་ད་ ཞིབ་དཔྱད་དེ་ནང་ མེ་རྐྱེན་བཀག་ཐབས་ཀྱི་ ཐབས་ལམ་ཚུ་ ལེགས་ཤོམ་སྦེ་ བཏོན་ཡོད་མེད་ཚུ་ཡང་ དབྱེ་ཞིབ་འབདཝ་ཨིན་པས།
ནང་སྲིད་བློན་པོ་ ཨ་ལི་ཡར་ལི་ཀི་ཡ་གིས་ སྒྲིང་ཁྱིམ་ཐོག་ ༤ འབད་མི་དེ་ནང་ མི་ ༧༩ དེ་ཅིག་གིས་ ཐོ་བཀོད་འབད་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: