
གནམ་ལོ་ཤིང་མོ་སྦྲུལ་ལོ་ཟླཝ་ ༡༡ པའི་ཚེས་ ༢༥ སྤྱི་ཟླ་ ༡ པའི་ཚེས་ ༢༤ ལས་ ཐིམ་ཕུ་བཀྲིས་ཆོས་རྫོང་གི་ རྟེན་འབྲེལ་ཐང་ནང་ རྒྱལ་ཁབ་ཀྱི་སྐུ་རིམ་ རྒྱ་ནག་སྤྱི་མདོས་གནང་ནི་ འགོ་བཙུགས་ཡོདཔ་ད་ དེ་ཡང་ གཞུང་གྲྭ་ཚང་གི་ སློབ་དཔོན་བཞི་དང་ བླམ་ཚུ་ སྐོར་རྒྱབ་ཐོག་ལུ་ དབུ་བཞུགས་མཛད་དེ་ དགེ་སློང་ཞལ་གྲངས་ ༧༥ དེ་ཅིག་གིས་ གནངམ་ཨིན་པས།
དེ་བཟུམ་མའི་ རྒྱ་ནག་སྤྱི་མདོས་གནང་དགོ་པའི་ གནད་དོན་གཚོ་བོ་ར་ མི་དབང་མངའ་བདག་རིན་པོ་ཆེ་ ཡབ་མེས་སྲས་ ༣ གྱིས་ དབུ་གཙོས་པའི་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་དང་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་ སྐུ་ཚེ་ཞབས་པད་བརྟན་ཏེ་ འཕྲིན་ལས་དར་ཞིང་རྒྱས་ཐབས་ལུ་དང་ རྒྱལ་ཁབ་ནང་ འབྱུང་བཞིའི་རྐྱེན་ངན་ཚུ་ བཟློག་ཐབས་ལུ་ཨིན་ཟེར་ རྩིས་སློབ་བཀྲིས་དབང་འདུས་ཀྱིས་ བཤདཔ་ཨིན་པས།
གསོ་བའི་བློ་གཏད་མ་དངུལ་གྱི་ འགོ་འདྲེན་ཐོག་ལུ་གནང་མི་ ཉིན་གྲངས་ ༥ གི་ རྒྱ་ནག་སྤྱི་མདོས་དེ་ རང་ཟླ་ ༡༡ པའི་ཚེས་ ༢༩ སྤྱི་ཟླ་ ༡ པའི་ཚེས་ ༢༨ ལུ་ འགྲོལ་གནང་ནི་ཨིན་པའི་གནས་ཚུལ།




Users Today : 3119
Users Yesterday : 3320
This Month : 93563
This Year : 389529
Total Users : 1101345
Views Today : 5194
Total views : 3076254
Who's Online : 28