དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ ལས་འགུལ་དོན་ལུ་ ཡེ་ཤེས་མགོན་པོའི་མདོས་ཆོག།

ཤིང་སྦྲུལ་ཟླཝ་ ༡༡ པའི་ཚེས་ ༢༧ སྤྱི་ཟླ་ ༡ པའི་ཚེས་ ༢༦ ལས་ ཉིན་གྲངས་ ༣ གྱི་རིང་ལུ་ དཔལ་ལྡན་འབྲུག་པའི་ ཆོས་ཀྱི་དབུ་ཁྲིད་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལུ་ བླ་སློབ་དང་ དགེ་སློང་ཞལ་གྲངས་ ༡༠༠ དེ་ཅིག་གིས་ དགེ་ལེགས་ཕུག་ སྨོན་ལམ་ཆེན་མོའི་ཐང་ནང་སྦེ་ དཔལ་ཡེ་ཤེས་མགོན་པོའི་མདོས་ཆོག་ གནང་ནི་ཨིན་པས།
དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ཐུགས་དགོངས་ལས་འཁྲུངས་པའི་ རང་སྐྱོང་ལུང་ཕྱོགས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ ལས་འགུལ་དོན་ལུ་ ཕྱག་ལཱ་ཚུ་ འགོ་བཙུགས་གནངམ་ད་ འགལ་རྐྱེན་བར་ཆད་ཚུ་ བཟློག་ཐབས་ལུ་དང་ དོན་སྨིན་ཅན་སྦེ་ མཐར་འཁྱོལ་འབྱུང་ཐབས་ལུ་ཨིན་པའི་ཁར་ རྒྱལ་བློན་འབངས་ ༣ ཚུ་ཡང་ག་ར་ དགའ་སྐྱིད་དང་ ཞི་བདེའི་ངང་ལུ་ གནས་ཐབས་སུ་དམིགས་ཏེ་ གནང་ནི་ཨིནམ་སྦེ་ སྤུངས་ཐིམ་གཞུང་གྲྭ་ཚང་ལས་གནང་མི་ གསལ་བསྒྲགས་ཅིག་ནང་བཀོད་ནུག།
དེ་སྦེ་ གཞུང་གྲྭ་ཚང་འདུས་དམངས་ཀྱིས་ འགོ་འདྲེན་ཐོག་ལུ་གནང་མི་ འབྲུག་རྒྱལ་ཁབ་ཀྱི་ བསྟན་སྤྱིའི་སྐུ་རིམ་དེ་ ཤིང་སྦྲུལ་ཟླཝ་ ༡༡ པའི་ཚེས་ ༢༩ སྤྱི་ཟླ་ ༡ པའི་ཚེས་ ༢༨ ལུ་ འགྲོལ་གནང་ནི་ཨིན་པའི་གནས་ཚུལ།

Please follow and like us: