
སྤྱི་ཟླ་ ༡ པའི་ཚེས་ ༢༧ ལུ་ ཡུ་རོ་པིན་ སྤྱི་ཚོགས་ཀྱི་ འཐུས་མི་དང་ ལྷོ་ཨེ་ཤི་ཡའི་ རྒྱལ་ཁབ་ཚུ་དང་ མཐུན་འབྲེལ་གྱི་ འཐུས་མི་སྡེ་ཚན་གྱི་ཁྲི་འཛིན་ སར་བན་-ཌི་མི་ཊི་རི་དང་གཅིག་ཁར་ མཇལ་ཕྲད་མཛད་ནུག།
དེ་བསྒང་ མི་རྗེ་བློན་ཆེན་གྱིས་ ཡུ་རོབ་མཐུན་ཚོགས་ཀྱིས་ འགྱུར་བ་མེད་པའི་ རྒྱབ་སྐྱོར་འབད་མི་ལུ་ བཀའ་དྲིན་དགའ་ཚོར་ཡོད་ལུགས་དང་ སྤྱི་ལོ་ ༢༠༢༧ ལུ་ མཇུག་བསྡུ་ནི་ཨིན་མི་ གྲོགས་རམ་དང་ མཉམ་འབྲེལ་ཚུ་ཡང་ འཕྲོ་མཐུད་དེ་ར་ གནང་དགོ་པའི་ ཞུ་བ་མཛད་ཡོདཔ་ཨིན་པས།
དེ་མ་ཚད་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་དང་ དགེ་ལེ་ཕུག་ དྲན་ཤེས་ཁྲོམ་ཚོགས་ དེ་ལས་ ང་བཅས་རའི་ མི་སྡེ་དཔལ་འབྱོར་གོང་འཕེལ་གྱི་ རེ་འདོད་དང་ གདོང་ལན་ཚུ་གི་སྐོར་ལས་ཡང་ གསལ་བཤད་གནང་ཡོད་པའི་གནས་ཚུལ།



Users Today : 3127
Users Yesterday : 3320
This Month : 93571
This Year : 389537
Total Users : 1101353
Views Today : 5224
Total views : 3076284
Who's Online : 28