ར་ཤི་ཡ་གིས་ མཁའ་དམག་གནམ་གྲུ་ཆུང་བ་ ཌཱོན་ལེ་ཤ་ཅིག་དང་ མི་ཛ་ཡེལ་ཚུ་ལག་ལེན།

རོའི་ཊརཛ།
སྤྱི་ཟླ་ ༢ པའི་ཚེས་ ༡ ལུ་ ར་ཤི་ཡ་གིས་ མཁའ་དམག་གནམ་གྲུ་ཆུང་བ་ ཌཱོན་ལེ་ཤ་ཅིག་དང་ མི་ཛ་ཡེལ་ཚུ་ ལག་ལེན་འཐབ་མིའི་ནང་ མི་གྲངས་ ༡༡ ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ སྡོད་ཁྱིམ་ ༡༠ དང་ ནུས་ཤུགས་ཀྱི་ གཞི་རྟེན་མཐུན་རྐྱེན་ཚུ་ལུ་ཡང་ གནོད་སྐྱོན་བྱུང་ནུག།
ཡུ་ཀེ་རེན་གྱི་ ནང་སྲིད་ལྷན་ཁག་ལས་ བཤད་དོ་བཟུམ་འབད་བ་ཅིན་ ར་ཤི་ཡའི་ མི་ཛ་ཡེལ་ཅིག་གིས་ པོལ་ཊ་ཝ་ ཁྲོམ་སྡེའི་ནང་ སྡོད་ཁྱིམ་ཅིག་ལུ་ ཕོག་ཡོདཔ་ལས་ མི་གྲངས་ ༧ ལུ་ ཤི་རྐྱེན་དང་ ཨ་ལོ་ ༣ རྩིས་ཏེ་ མི་གྲངས་ ༡༤ ལུ་ རྨ་སྐྱོན་བྱུང་ནུག་ཟེར་ཨིན་པས།
དེ་བཟུམ་སྦེ་ བྱང་ཤར་ཁྲོམ་སྡེ་ ཁར་ཀིབ་ལུ་ཡང་ མི་ ༡ ལུ་ ཤི་རྐྱེན་དང་ མི་ ༤ རྨ་སྐྱོན་བྱུང་ཡོདཔ་ད་ སྲིད་འཛིན་ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀི་གིས་ བྱ་ངན་དེ་ལུ་བརྟེན་ཏེ་ ལུང་ཕྱོགས་ ༦ གི་ནང་ གནོད་སྐྱོན་བྱུང་ཡོདཔ་སྦེ་ གསལ་བསྒྲགས་འབད་ནུག།
དེ་བསྒང་ ར་ཤི་ཡའི་ དམག་མི་ཚུ་གིས་ མཁའ་དམག་གནམ་གྲུ་ཆུང་བ་ ཌཱོན་ ༡༢༣ དང་ མི་ཛ་ཡེལ་ ༤༠ ལྷགཔ་ཅིག་ བཏང་ཡོད་མིའི་གྲས་ལས་ ཡུ་ཀེ་རེན་གྱིས་ ཌཱོན་ ༥༦ ཕབ་བཏང་པའི་ཁར་ ༦༡ དེ་ཅིག་ཡང་ ལོག་བཏང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: