
ཚེ་རིང་ལྷ་མོ།
སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༡༢ པའི་ཚེས་ ༡༩ ལུ་ ཡུ་ཨེཛ་གི་ ཕྱི་མི་ནང་སྐྱོད་དང་ ཅ་དམ་ལས་ཁུངས་ཀྱིས་ རྩིས་ལོ་ ༢༠༢༤ ཅན་མ་ གསལ་བསྒྲགས་འབད་མིའི་ནང་ མ་འོངས་པའི་ འཆར་གཞི་དང་ སྲིད་བྱུས་ ལས་སྣ་ཚུ་གི་སྐོར་ལས་མ་གཏོགས་ ཡུ་ཨེཛ་གི་ མི་ཁུངས་མིན་མི་ཚུ་ གཏོན་གཏང་ནི་གི་ འབྲེལ་ཡོད་གནད་དོན་ཅིག་ མེདཔ་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ སྤྱི་ལོ་ ༢༠༡༩ ལུ་འབྲུག་མི་ ༡ བཏོན་བཏང་ཞིནམ་ལས་ཚུར་ འབྲུག་མི་བཏོན་བཏང་དགོ་པའི་ བྱུང་རྐྱེན་ཚུ་ ག་ནི་ཡང་ མ་ཐོནརུང་ སྲིད་འཛིན་ཊཱམ་གྱི་ ཕྱི་མི་ནང་སྐྱོད་ཀྱི་ སྲིད་བྱུས་ཚུ་ལུ་བརྟེན་ཏེ་ ཡུ་ཨེཛ་ལུ་སྡོད་མི་ འབྲུག་མི་ལེ་ཤ་ཅིག་ལུ་ ཚ་གྱང་ལང་དགོཔ་བྱུང་ནུག།
སྲིད་འཛིན་ཊཱམ་གྱིས་ ཡུ་ཨེཛ་གི་ ས་མཚམས་བདའ་སྟེ་ མིཛ་ལིམ་ཚུ་གིས་ ངོ་རྒོལ་འབད་ནི་ཚུ་ བཀག་ཐབས་ལུ་ སྲུང་རྒྱབ་དམག་མི་ ལེ་ཤ་ཅིག་ བཀྲམ་སྤེལ་འབད་ནི་ཨིན་པའི་ཁར་ ཕྱི་མི་ནང་སྐྱོད་འགོ་དཔོན་ཚུ་ལུ་ སློབ་གྲྭ་དང་ ཡེ་ཤུའི་ལྷ་ཁང་ དེ་ལས་ སྨན་ཁང་ཚུ་ནང་ འགྲུལ་སྐྱོད་འབད་མི་ཚུ་ཡང་ འཛིན་བཟུང་འབད་དགོ་པའི་ བཀའ་རྒྱ་གནང་ཡོདཔ་ཨིན་པས།
སྤྱི་ལོ་ ༢༠༢༥ སྤྱི་ཟླ་ ༡ པའི་ཚེས་ ༢༠ ལུ་ སྲིད་འཛིན་ཊཱམ་གྱིས་ ཨ་མི་རི་ཀའི་ མི་སེར་ཚུ་ བཙན་འཛུལ་འབད་མི་ཚུ་ལས་ ཉེན་སྲུང་ཟེར་མི་ བཀོད་ཁྱབ་བཀའ་རྒྱ་ཅིག་ནང་ འདས་པའི་ལོ་ ༤ གི་རིང་ལུ་ ཡུ་ཨེཛ་རྒྱལ་ཁབ་ནང་ ཁྲིམས་འགལ་ཐོག་ལས་ འཛུལ་ཞུགས་འབད་ཡོདཔ་སྦེ་བཀོད་ནུག།
དེ་ཡང་ ཁྲིམས་འགལ་ཐོག་ལས་ ཡུ་ཨེཛ་ལུ་ འཛུལ་ཞུགས་འབད་མི་ཚུ་ མང་ཤོས་ཅིག་གིས་ རྒྱལ་ཡོངས་སྲུང་སྐྱོབ་དང་ མི་སེར་ཉེན་སྲུང་ལུ་ ཉེན་ཁ་སྦོམ་སྦེ་ར་ བྱུང་ཡོདཔ་ལས་ ད་ལས་ཕར་ ཉེན་ཁ་དེ་ཚུ་ བསལ་ཐབས་འབད་དགོཔ་ཡོད་ཟེར་ཨིན་པས།
ཡུ་ཨེཛ་རྒྱལ་ཁབ་ནང་ ཕྱི་མི་ནང་སྐྱོད་ཀྱི་ ཁྲིམས་ལུགས་ཚུ་ བསྟར་སྤྱོད་འབད་ནི་དེ་ རྒྱལ་ཡོངས་སྲུང་སྐྱོབ་དང་ མི་སེར་ཉེན་སྲུང་གི་དོན་ལས་ གལ་ཆེ་ཤོས་ཅིག་ཨིན་པའི་ཁར་ ཁྲིམས་ལུགས་དེ་ཚུ་ འཇོན་སྟངས་ཅན་སྦེ་ བཟོ་དགོཔ་དེ་ཡང་ གལ་ཆེ་ཟེར་བཀོད་ནུག།
བཀོད་ཁྱབ་བཀའ་རྒྱ་དེ་ ཉིན་གྲངས་ ༩༠ གི་ ནང་འཁོད་ལུ་ དངུལ་རྩིས་དྲུང་ཆེད་དང་ རྒྱལ་ཁབ་སྲུང་སྐྱོབ་དྲུང་ཆེན་གྱིས་ ལག་ལེན་འཐབ་ཐོག་ལས་ འདུན་སྐྱོད་དང་ གྲུབ་འབྲས་ཚུ་གི་སྐོར་ལས་ སྲིད་འཛིན་མཆོག་ལུ་ སྙན་ཞུ་འབད་དགོཔ་ཨིན་པས།
སྤྱི་ལོ་ ༢༠༢༤ ལུ་ ཁྲིབམས་ལུགས་བསྟར་སྤྱོད་ཐོག་ལས་ མི་ཁུངས་མེད་མི་ ༡༡༣,༤༣༡ འཛིན་བཟུང་འབད་ཡོད་རུང་ སྤྱི་ལོ་ ༢༠༢༣ ལུ་ བརྒྱ་ཆ་ ༣༣.༥ མར་ཕབ་སོང་ཡོདཔ་ད་ དེ་ཡང་ མང་ཤོས་ཅིག་ར་ ལྷོ་ནུབ་ཀྱི་ ས་མཚམས་ཁག་ལས་ འཛིན་བཟུང་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 261
Users Yesterday : 2073
This Month : 2334
This Year : 182237
Total Users : 894053
Views Today : 323
Total views : 2627147
Who's Online : 6