
ཨཱལ་ཇ་ཟི་ར།
སྤྱི་ཟླ་ ༢ པའི་ཚེས་ ༥ ལུ་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་གྱི་ གཞུང་གི་ཁ་ཐུག་ལས་ ཡུ་ཨེཛ་རྒྱལ་སྤྱི་གོང་འཕེལ་ལས་སྡེའི་ནང་ ཐད་ཀར་དུ་ ལཱ་གཡོག་ནང་ བསྐོ་བཞག་གྲུབ་མི་ཚུ་ ངལ་གསོ་བཞག་དགོ་པའི་ བཀོད་རྒྱ་གནང་ཡོདཔ་ཨིན་པས།
དེ་ཡང་ གནད་འགག་ཅན་གྱི་ ལཱ་འགན་འབག་མི་དང་ དམིགས་བསལ་གྱིས་ འགོ་ཁྲིད་གཙོ་བོ་དང་ ངོས་འཛིན་གྲུབ་མི་ ལས་རིམ་ཚུ་གི་དོན་ལུ་མ་གཏོགས་ ལས་གཡོགཔ་གཞན་ཚུ་ ངལ་གསོ་སྦེ་ བཞག་ནི་ཨིན་པའི་ཁར་ ཕྱིའི་རྒྱལ་ཁབ་ཚུ་ནང་ཡོད་མི་ ལས་གཡོགཔ་ཚུ་ཡང་ ཉིན་གྲངས་ ༣༠ གི་ ནང་འཁོད་ལུ་ ལོག་འབོ་ནི་ཨིནམ་སྦེ་ གསལ་བསྒྲགས་འབད་ནུག།
རྒྱལ་སྤྱི་གོང་འཕེལ་ལས་སྡེའི་འོག་ལུ་ ལས་གཡོགཔ་ ༡༠,༠༠༠ ལྷགཔ་ཅིག་ལས་ གསུམ་དཔྱ་ ༢ དེ་ཅིག་ ཕྱིའི་རྒྱལ་ཁབ་ཚུ་ནང་ཡོདཔ་ད་ ད་རེས་ ལས་གཡོགཔ་ཚུ་ ངལ་གསོ་བཞག་ནི་ཨིན་པའི་ གསལ་བསྒྲགས་དེ་ཡང་ ལས་སྡེ་དེ་ ཆ་མེད་བཏང་སྟེ་ ལཱ་འགན་ཚུ་ ཡུ་ཨེཛ་རྒྱལ་ཁམས་ལས་ཁུངས་འོག་ལུ་ བསྐྱར་བཀོད་འབད་ནི་གི་ འཆར་གཞི་ཡོདཔ་ཨིན་པས།
མ་གཞི་ སྤྱི་ལོ་ ༢༠༢༣ ལུ་ ཕྱིའི་གྲོགས་རམ་གྱི་འཆར་དངུལ་ ཡུ་ཨེཛ་ཌོ་ལར་ ཐེར་འབུམ་ ༧༢ ལས་ ཕྱེད་ཀ་ལྷགཔ་ཅིག་ བགོ་བཀྲམ་འབད་ཡོད་རུང་ ད་རེས་འབདཝ་ད་ གཞུང་སྐྱོང་ལྕོགས་གྲུབ་ལས་ཁུངས་ཟེར་ རྒྱུ་སྦྱོར་ཅན་ ངོམ་ཨི་ལོན་མཱཛ་གི་ འགོ་ཁྲིད་ཐོག་ལས་ ཟད་འགྲོ་ཕབ་ཆག་གི་དོན་ལུ་ ལས་སྡེ་དེ་ ཆ་མེད་གཏང་ནི་གི་ དམིགས་གཏད་བསྐྱེད་ནུག།
རྒྱལ་སྤྱི་གོང་འཕེལ་ལས་སྡེ་དེ་ སྤྱི་ཚོགས་ནང་ལས་ གཞི་བཙུགས་འབད་མི་ ལས་སྡེ་ཅིག་འབདཝ་ལས་ བཀོད་ཁྱབ་བཀའ་རྒྱའི་ཐོག་ལུ་ ཆ་མེད་གཏང་ནི་དེ་ རྩ་ཁྲིམས་ལས་འགལ་བ་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 573
Users Yesterday : 2073
This Month : 2646
This Year : 182549
Total Users : 894365
Views Today : 776
Total views : 2627600
Who's Online : 10