
རོའི་ཊརཛ།
སྤྱི་ཟླ་ ༡ པའི་ཚེས་ ༢༠ ལས་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་གྱིས་ གཞུང་སྐྱོང་འབད་ནི་ འགོ་བཙུགས་པའི་ཤུལ་ལུ་ མེག་སི་ཀོ་ལས་ ཡུ་ཨེཛ་ལུ་ ནང་བསྐྱོད་འབད་མི་ མི་གྲངས་ ༡༡,༠༠༠ དེ་ཅིག་ མེག་སི་ཀོ་ལུ་ ལོག་བསྐྱལ་ནུག།
དེ་ཡང་ སྤྱི་ཟླ་ ༢ པའི་ཚེས་ ༧ ལུ་ མེག་སི་ཀོའི་སྲིད་འཛིན་ ཨམ་ཀོ་ལོ་ཌི་ཡ་ ཤིན་བཱམ་གྱིས་ བཤད་ཡོདཔ་ད་ མོ་གིས་འབད་བ་ཅིན་ ཡུ་ཨེཛ་གིས་ དེ་སྦེ་ ལོག་བཏང་མི་ཚུ་གི་གྲས་ལས་ མི་གྲངས་ ༢,༥༠༠ དེ་ཅིག་ མེག་སི་ཀོའི་ མི་སེར་མིན་པས་ཟེར་ཨིན་པས།
འདས་པའི་བདུན་ཕྲག་ནང་ ཨམ་ཤིན་བཱམ་དང་ ཊཱམ་གྱི་བར་ན་ མེག་སི་ཀོའི་ ཅ་དངོས་ཚུ་གུ་ ཡུ་ཨེཛ་གིས་ ཁྲལ་ཡར་སེང་འབད་ནི་ལུ་ ཉེན་ཁ་བཀལ་མི་དེ་ མཚམས་འཇོག་འབད་དེ་ བཞག་ནི་དང་ དེ་གི་ཚབ་ལུ་ མེག་སི་ཀོའི་ཁ་ཐུག་ལས་ ཡུ་ཨེཛ་དང་སྦྱེལ་ཏེ་ཡོད་མི་ བྱང་ཕྱོགས་ས་མཚམས་ཁར་ མེག་སི་ཀོའི་ མི་སེར་ཚུ་ ཡུ་ཨེཛ་ལུ་ ནང་བསྐྱོད་འབད་ནི་ལས་ བཀག་ཐབས་ལུ་ རྒྱལ་ཡོངས་ས་སྲུང་དམག་མི་ སྟོང་ཕྲག་ལས་བཅད་དེ་ བཙུགས་ནི་སྦེ་ ཁ་འཆམ་བྱུང་ནུག།
མེག་སི་ཀོའི་སྲིད་འཛིན་ ཨམ་ཀོ་ལོ་ཌི་ཡ་ ཤིན་བཱམ་གྱིས་ གནས་ཚུལ་ཞལ་འཛོམས་ཅིག་ནང་ མེག་སི་ཀོ་གིས་ཡང་ ཧཱོན་ཌུ་རཱཛ་ལས་ མེག་སི་ཀོ་ལུ་ ནང་བསྐྱོད་འབད་དེ་ སྡོད་མི་ཚུ་ ས་ཐོག་སྐྱེལ་འདྲེན་དང་ མཁའ་འགྲུལ་ཐོག་ལས་ ལོག་བཏང་ཡོད་རུང་ དེ་སྦེ་ ལོག་བཏང་མི་ཚུ་ག་ར་ ཁས་བླངས་གུ་ གཞི་བརྟེན་འབད་དེ་ཨིན་ཟེར་ བཤད་ཡོདཔ་ཨིན་པས།
ད་རེས་ མེག་སི་ཀོ་ལུ་ཡོད་མི་ ཕྱི་མི་ཚུ་ རང་སོའི་ཁས་བླངས་ཐོག་ལས་ ཁོང་རའི་རྒྱལ་ཁབ་ནང་ ལོག་གཏང་དོ་ཡོདཔ་མ་ཚད་ ཁོང་ཆ་ཁྱབ་ རང་སོའི་རྒྱལ་ཁབ་ནང་ ལྷོད་ནི་ཡོདཔ་ ངེས་གཏན་བཟོ་ཐབས་ལུ་ མེག་སི་ཀོའི་ འབྲེལ་ཡོད་མི་ངོམ་ཚུ་དང་སྦྲགས་ཏེ་ གཏང་དོ་ཡོདཔ་སྦེ་ཡང་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1391903
Views Today :
Total views : 5000
Who's Online :