
འཇམ་དབྱངས་ཆོས་སྒྲོན།
སྤྱི་ཚོགས་ ༤ པའི་ རྒྱལ་ཡོངས་ཚོགས་ཐེངས་ ༢ པའི་ནང་ ལྡོག་ཕྱོགས་ཚོགས་པ་གིས་ འབྲུག་བཟོ་སྐྲུན་དང་ སྐྱེལ་འདྲེན་དབང་འཛིན་གྱིས་ སྤྱི་ལོ་ ༢༠༢༣ ལུ་ མི་ངོམ་ ༡,༦༠༣ གྱི་ སྣུམ་འཁོར་གཏང་ཆོག་པའི་ ཆོག་ཐམ་ཆ་མེད་ བཏང་ཡོད་པའི་སྐོར་ལས་ ཉོག་བཤད་བཀོད་ནུག།
དེ་ཡང་ ལྡོག་ཕྱོགས་ཚོགས་པ་གིས་འབད་བ་ཅིན་ དེ་སྦེ་ ཆ་མེད་བཏང་མི་དེ་ བྱ་རིམ་གྱི་ འཛོལ་བ་ལུ་བརྟེན་ཏེ་མ་གཏོགས་ ངན་ལྷད་དང་ ལྐོག་ཟའི་གནད་དོན་ཚུ་གི་ སྒྲུབ་བྱེད་ཚུ་ ག་ནི་ཡང་ མིན་འདུག་ཟེར་ཨིན་པས།
དེ་མ་ཚད་ སྤྱི་ལོ་ ༡༩༩༩ གི་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱི་ བཅའ་ཁྲིམས་ནང་ཡང་ སྣུམ་འཁོར་གཏང་ཆོག་པའི་ ཆོག་ཐམ་ལོག་ལེན་ནིའི་དོན་ལས་ སྣུམ་འཁོར་གཏང་ནི་གི བརྟག་དཔྱད་ལག་ལེན་དོན་ལུ་ ལོ་ངོ་ ༣ རེ་ སྒུགས་དགོཔ་སྦེ་ ཆེད་དུ་བཀོད་དེ་ཡང་ མིན་འདུག་ཟེར་ཨིན་པས།
དེ་འབདཝ་ལས་ ལྡོག་ཕྱོགས་ཚོགས་པ་གིས་ གཞུང་ལུ་ ལོ་ངོ་ ༣ གྱི་ དུས་ཡུན་སྐོར་ལས་ ལོག་སྟེ་ར་ བསམ་ཞིབ་ཐོག་ལས་ སྣུམ་འཁོར་ཊཱག་དང་ གླ་འཁོར་དེད་གཡོགཔ་ཚུ་གིས་གཙོས་པའི་ གནོད་སྐྱོན་བྱུང་མི་ཚུ་ལུ་ དེ་འཕྲལ་ལས་ སྣུམ་འཁོར་གཏང་ནི་གི་ བརྟག་དཔྱད་ཚུ་ ལག་ལེན་འཐབ་དགོ་པའི་ ཞུ་བ་ཕུལ་ནུག།
ལྡོག་ཕྱོགས་ཚོགས་པའི་ ཁ་ཐུག་ལས་ དེ་སྦེ་ བར་འཛུལ་འབད་མི་ལུ་ གཞི་རྟེན་མཁོ་ཆས་དང་ སྐྱེལ་འདྲེན་ལྷན་ཁག་ འབྲུག་བཟོ་བསྐྲུན་དང་ སྐྱེལ་འདྲེན་དབང་འཛིན་གྱིས་ ངོས་ལེན་ཐོག་ལས་ གོང་ལུ་བཀོད་མི་ མི་གྲངས་ ༡,༦༠༣ གྱིས་ ད་ལས་ཕར་ སྣུམ་འཁོར་གཏང་ནི་ལུ་ བརྟག་དཔྱད་འབད་མིའི་ནང་ བཅའ་མར་གཏོགས་ཆོག་པའི་ གོ་བརྡ་སྤྲོདཔ་ཨིན་པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1392058
Views Today :
Total views : 5000
Who's Online :