
བི་བི་སི།
སྤྱི་ཟླ་ ༢ པའི་ཚེས་ ༦ ལུ་ ལྷོ་ཀོ་རི་ཡའི་ རྒྱལ་ཁབ་ནང་ མཁའ་དམག་གནམ་གྲུ་ཚུ་གི་ཐོག་ལས་ དམག་སྦྱོང་འབད་བའི་སྐབས་ལུ་ མཁའ་དམག་གནམ་གྲུ་ཅིག་གིས་ ཞི་བའི་མི་སེར་ཚུ་སྡོད་སའི་ མངའ་སྡེའི་ནང་ལུ་ ནོར་འཁྲུལ་གྱི་སྒོ་ལས་ རྫས་བམ་ ༨ བཀོག་ཡོདཔ་ལས་ མི་གྲངས་ ༧ ལུ་ རྨ་སྐྱོན་བྱུང་ནུག།
རྐྱེན་ངན་དེ་ཡང་ མཁའ་དམག་གནམ་གྲུ་ ཀེ་ཨེཕ་-༡༦ ཟེར་མི་གིས་ བྱང་ཀོ་རི་ཡའི་ ས་མཚམས་ལུ་ཡོད་མི་ ཁྲོམ་ཚོགས་པོ་ཀི་འོན་ཟེར་སར་ དྲོ་པའི་ཆུ་ཚོད་ ༡༠ དེ་ཅིག་ཁར་ བྱུང་ཡོདཔ་ཨིན་པས།
དེ་བསྒང་ རྫས་བམ་ ༨ ཀྱི་གྲས་ལས་ རྫས་བམ་ཕུད་རྡོག་ ༡ གས་ཡོད་པའི་ ཡིད་ཆེས་ཡོདཔ་ད་ རྫས་བམ་མ་གས་མི་ཚུ་ བསྡུ་ལེན་འབད་མི་ སྡེ་ཚན་ཅིག་གིས་ ས་གནས་དེ་ཁར་ ལཱ་འབད་ནི་དང་གཅིག་ཁར་ ཉེ་འདབས་ཀྱི་ མི་སེར་ཚུ་ ཉེན་སྲུང་གི་དོན་ལུ་ ས་གནས་གཞན་ཁར་བསྐྱལ་ནུག།
དེ་བཟུམ་མའི་ དམག་སྦྱོང་སྐབས་ལུ་ རྫས་བམ་ཚུ་ མི་སེར་གྱི་ སྡོད་ཁྱིམ་ཚུ་གི་ ཉེ་འདབས་ལུ་ བུད་ནི་ཡོད་རུང་ མི་སེར་ལུ་ གནོད་སྐྱོན་འབྱུང་ནི་མེད་ཟེར་ཨིན་པས།
ཨིན་རུང་ རྐྱེན་ངན་དེ་ནང་ ཡེ་ཤུའི་ལྷ་ཁང་ ༡ དང་ སྡོད་ཁྱིམ་དག་པ་ཅིག་ལུ་ གནོད་སྐྱོན་བྱུང་ཡོདཔ་མ་ཚད་ མི་ ༢ ཀྱི་ ལྟག་ཀོ་དང་ ཕྱག་ལྟག་ཚུ་ཡང་ ཆག་དཀྲུམ་ཤོར་ནུག།
སྤྱི་ཟླ་ ༣ པའི་ཚེས་ ༡༠ ལས་ ༢༠ ཚུན་གྱི་བར་ན་ ཡུ་ཨེཛ་གི་ དམག་སྡེ་དང་ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་མི་ དམག་སྦྱོང་དེ་ བྱང་ཀོ་རི་ཡ་དང་ ར་ཤི་ཡའི་བར་ན་ མཉམ་འབྲེལ་ཡར་དྲག་འགྱོ་བའི་ གནས་སྐབས་ནང་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།




Users Today : 965
Users Yesterday : 1476
This Month : 39478
This Year : 219381
Total Users : 931197
Views Today : 2715
Total views : 2716316
Who's Online : 5