
རོའི་ཊརཛ།
སྤྱི་ཟླ་ ༣ པའི་ཚེས་ ༥ གི་ཕྱི་རུ་ ར་ཤི་ཡའི་ མི་ཛ་ཡེལ་གྱིས་ ཡུ་ཀེ་རེན་གྱི་ཁྲོམ་ཚོགས་ ཀིར་ཝི་རི་ཟེར་སར་ བཟའ་ཁང་ཅིག་གུ་ཕོག་སྟེ་ མི་གྲངས་ ༤ དམར་བསད་འབད་བའི་ཁར་ མི་གྲངས་ ༣༡ ལུ་ཡང་ རྨ་སྐྱོན་ཚུ་བྱུང་ནུག།
གནད་དོན་དེ་གི་སྐོར་ལས་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀི་གིས་འབད་བ་ཅིན་ ར་ཤི་ཡ་གིས་ གནོད་འཚུབ་དེ་ མ་བཀལ་བའི་ སྔ་གོང་ལས་ ཡུ་ཀེ་རེན་དང་ ཡུ་ཨེཛ་ བི་རི་ཌེན་ རྒྱལ་ཁབ་ཚུ་གི་ ཁས་བླངས་ཐོག་ལས་ འགྲོ་བ་མིའི་དོན་ལུ་ ལཱ་འབད་མི་ཚུ་ བཟའ་ཁང་དེ་ནང་ འཛུལ་ཡོད་རུང་ ཁོང་ཆ་ཁྱབ་ ཉེན་སྲུང་གི་ ས་ཁོངས་ནང་ སྤོ་བཤུད་འབད་ཚུགསཔ་ལས་ གནོད་སྐྱོན་ག་ནི་ཡང་ མ་བྱུང་ཟེར་ཨིན་པས།
མ་གཞི་ ང་བཅས་ཀྱིས་ ཕྱད་མདའ་མཚམས་འཇོག་འབད་ནི་དང་ ཚེ་སྲོག་ལུ་ གནོད་འཚུབ་བཀལ་ནི་ཚུ་ བཀག་ནིའི་དོན་ལས་ ར་ཤི་ཡ་ལུ་ ཨུ་ཚུགས་བསྐྱེད་དགོ་ཟེར་ཨིནམ་ད་ རྐྱེན་ངན་དེ་ནང་ རྨ་སྐྱོན་བྱུང་མི་ ༡༤ གི་ གནས་སྟངས་དེ་ ཚབས་ཆེན་སྦེ་ར་ཡོདཔ་སྦེ་བཀོད་ནུག།
ཡུ་ཀེ་རེན་གྱི་ གློ་བུར་ཞབས་ཏོག་ལས་ཚན་གྱིས་ བཟའ་ཁང་གི་ ས་ཁོངས་ནང་ལས་ མི་གྲངས་ ༡༩ དེ་ཅིག་ སྲོག་སྐྱབས་འབད་ཡོདཔ་ད་ དེ་བསྒང་ སྡོད་ཁྱིམ་ ༡༤ དང་ འགྲེམ་ཁང་ ༡ ཚོང་ཁང་ ༡༢ མེདཔ་བཏང་ཡོདཔ་ཨིན་པས།
ར་ཤི་ཡའི་ དྲག་པོའི་དམག་སྡེ་གིས་ མགྱོགས་ཤུགས་དང་ལྡན་པའི་ མི་ཛ་ཡེལ་ ༢ དང་ མཁའ་དམག་གནམ་གྲུ་ཆུང་བ་ ཌྲཱོན་ ༡༡༢ ནུབ་ཅིག་ནང་ བཏང་མི་དེ་གིས་ རྒྱལ་ཁབ་ཀྱི་ ལྷོ་ཕྱོགས་མངའ་སྡེ་ ཨོ་དེ་ས་ལུ་ ནུས་ཤུགས་ཀྱི་ གཞི་རྟེན་མཁོ་ཆས་ཚུ་ མེདཔ་བཏང་པའི་ཁར་ མི་ ༢ ལུ་ཡང་ རྨ་སྐྱོན་བྱུང་ཡོདཔ་སྦེ་ ཡུ་ཀེ་རེན་གྱི་ དམག་སྡེ་གིས་ གསལ་བཤད་འབད་ནུག།
དེ་བཟུམ་སྦེ་ རྒྱལ་ཁབ་ཀྱི་ བྱང་ཤར་ཁྲོམ་སྡེ་ སུ་མི་ལུ་ཡང་ ཌྲཱོན་ ༡ གིས་ མི་ ༡ དམར་བསད་དང་ སྒེར་གྱི་ཚོང་སྡེའི་ མཛོད་ཁང་ཚུ་ མེདཔ་བཏང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 1045
Users Yesterday : 1476
This Month : 39558
This Year : 219461
Total Users : 931277
Views Today : 2956
Total views : 2716557
Who's Online : 9