
རོའི་ཊརཛ།
སྤྱི་ཟླ་ ༣ པའི་ཚེས་ ༡༩ ལུ་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊམ་དང་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཛེ་ལེནཛ་ཀི་ ༢ ཀྱི་བར་ན་ བརྒྱུད་འཕྲིན་ཐོག་ལས་ ཆུ་ཚོད་ ༡ གི་རིང་ གསུང་གྲོས་གནང་པའི་སྐབས་ལུ་ ར་ཤི་ཡ་དང་ ཡུ་ཀེ་རེན་གྱི་ ཕྱད་མདའ་དེ་ མཇུག་བསྡུ་ནི་ལུ་ ཞལ་འཆམ་བྱུང་ནུག།
དེ་ཡང་ སྤྱི་ཟླ་ ༢ པའི་ཚེས་ ༢༨ ལུ་ ཡུ་ཨེཛ་དང་ ཡུ་ཀེ་རེན་གྱི་ སྲིད་འཛིན་ ༢ ཀྱི་བར་ན་ མ་འགྲིགསཔ་ཐོན་པའི་ཤུལ་ལས་ ད་རེས་ འགོ་དང་པ་ བརྒྱུད་འཕྲིན་ཐོག་ལས་ འབྲེལ་བ་འཐབ་ཡོདཔ་ཨིན་པས།
དེ་བསྒང་ སྲིད་འཛིན་ཛེ་ལེནཛ་ཀི་གིས་ སྲིད་འཛིན་ཊམ་ལུ་ ཡུ་ཨེཛ་གིས་ རྒྱབ་སྐྱོར་འབད་མི་ལུ་ བཀའ་དྲིན་དགའ་ཚོར་ཡོད་ལུགས་ བཤད་ཡོདཔ་མ་ཚད་ དབུ་ཁྲིད་ ༢ ཀྱི་བར་ན་ ཞལ་འཆམ་བྱུང་མི་དང་འཁྲིལཝ་ད་ རྒྱལ་ཁབ་རང་སོ་ལས་ ཁྱད་རིག་སྡེ་ཚན་རེ་ སའུ་དི་ཨ་ར་བི་ཡ་ལུ་ ཕྱད་ནི་སྦེ་བཞག་ནུག།
དེ་མ་ཚད་ ར་ཤི་ཡ་ལས་ སྲུང་སྐྱོབ་འབད་ཐབས་ལུ་ མཁའ་དབྱིངས་སྲུང་སྐྱོབ་ ཁ་སྐོང་དགོ་པའི་སྐོར་ལས་ཡང་ བཤད་མི་དེ་ལུ་ སྲིད་འཛིན་ཊམ་གྱིས་ དེ་བཟུམ་མའི་ འཕྲུལ་ཆས་ཚུ་ ཡུ་རོབ་ལས་ འཚོལ་ཞིབ་འབད་ནི་ལུ་ གྲོགས་རམ་མཛད་ནི་སྦེ་ བཤད་ཡོདཔ་ཨིན་པས།
སྤྱི་ཟླ་ ༣ པའི་ཚེས་ ༡༨ ལུ་ སྲིད་འཛིན་ཊམ་གྱིས་ ར་ཤི་ཡའི་སྲིད་འཛིན་ པུ་ཊིན་དང་གཅིག་ཁར་ ཉིན་གྲངས་ ༣༠ གི་རིང་ལུ་ ཕྱད་མདའ་མཚམས་འཇོག་གི་སྐོར་ལས་ གསུང་གྲོས་གནངམ་ད་ པུ་ཊིན་གྱིས་ ངོས་ལེན་འབད་མ་བཏུབ་རུང་ ནུས་ཤུགས་ཀྱི་ གཞི་རྟེན་མཁོ་ཆས་ཚུ་ལུ་ གནོད་འཚུབ་མི་བཀལ་ནི་སྦེ་ བཤད་ཡོད་པའི་སྐོར་ལས་ཡང་ བརྡ་དོན་སྤྲོད་ནུག།
དེ་འབདཝ་ད་ ཡུ་ཀེ་རེན་གྱིས་ ར་ཤི་ཡའི་ ས་སྣུམ་འཕྲུལ་ཁང་གཅིག་ལུ་ གནོད་འཚུབ་བཀལ་ཡོདཔ་ལས་ ཕྱད་མདའ་མཚམས་འཇོག་དེ་ དོགས་པ་ཆགས་དགོ་པའི་ གཞི་ཅིག་ལུ་ གྱུར་ཡོདཔ་ད་ ཡུ་ཀེ་རེན་གྱིས་འབད་བ་ཅིན་ ར་ཤི་ཡ་གིས་ཡང་ ཁོང་གི་སྨན་ཁང་དང་ སྡོད་ཁྱིམ་ དེ་ལས་ རེ་ལི་འཐོན་འཛུལ་གྱི་ གློག་མེ་ཚུ་ལུ་ གནོད་འཚུབ་བཀལ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 394
Users Yesterday : 1155
This Month : 47953
This Year : 227856
Total Users : 939672
Views Today : 561
Total views : 2737185
Who's Online : 3