
པདྨ་དབང་འདུས།
སྤྱི་ཟླ་ ༣ པའི་ཚེས་ ༢༨ ལུ་ འབྲུག་བཞུགས་རྒྱ༌གར༌གཞུང་ཚབ་ སུ་དྷ་ཀར་ ད་ལེ་ལ་གིས་ ཁེ་ཕན་ཆེ་བའི་ འབྲུག༌གི༌མི་སྡེ་གོང་འཕེལ་ལས་འགུལ་གྱི་དོན་ལུ་ མ་དངུལ་འཛིན་གྲོལ་ ༢ པའི༌ནང་ དངུལ་ཀྲམ་ཐེར་འབུམ་ ༢.༥༠༣ འབད་མིའི་ དངུལ་འཛིན་ཅེག༌དེ་ ཕྱི་འབྲེལ་དང་ ཕྱིར་ཚོང་བློན་པོ་ ཌི་ཨེན་དུང་གེལ་གྱི་ ཕྱག་ལུ་ཕུལ་ཡོདཔ་ཨིན་པས།
དེ་བསྒང་ ཕྱི་འབྲེལ་དང་ ཕྱིར་ཚོང་བློན་པོ་གིས་ འཆར་གཞི་ ༡༣ པའི་ ལས་འགུལ་གྱི་དོན་ལས་ དུས་ཚོད་ཁར་ མ་དངུལ་འཛིན་གྲོལ་འབད་མི་དེ་ལུ་ འབྲུག་གཞུང་གི་ ཁ༌ཐུག༌ལས༌ རྒྱ་གར༌གཞུང་ལུ་ བཀྲིན་དགའ༌ཚོར༌ཡོད་ལུགས་གསུངས་ནུག།
རྒྱ་གར༌གཞུང་གིས་ ལོ་ལྔའི་འཆར་གཞི་ ༡༣ པའི་དོན་ལས་ དངུལ་ཀྲམ་ཐེར་འབུམ་ ༨༥ ཁས་ལེན་མཛད༌མིའི་ཐོག་ལས་ དངུལ་ཀྲམ་ཐེར་འབུམ་ ༡༠ དེ་ ཁེ་ཕན་ཆེ་བའི་ མི་སྡེ་གོང་འཕེལ་ལས་འགུལ་གྱི་དོན་ལུ་ཨིན་པས།
དེ༌ཡང༌ ལས་འགུལ་སྡེ་ཚན་དང་པའི་ནང་ ལས་འགུལ་ཁག༌ ༢༨༣ ཡོདཔ་ད་ ལས༌འགུལ༌དེ༌ཚུའི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་ ༤.༡༧༡ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༡༢ པའི་ནང་ ཞལ་འཛོམས་ཐེངས་དང་པའི་ནང་ལས་ གནང་བ་གྲུབ་ནུག།
ད་རེས་ མ་དངུལ་འཛིན་གྲོལ༌འབད༌མི༌བརྩིས་ཏེ་ ལས་འགུལ་དེ་ཚུ་ ལག་ལེན་གྱི་དོན༌ལས་ མ༌དངུལ༌བསྡོམས༌ དངུལ་ཀྲམ་ཐེར་འབུམ་ ༣.༧༥༤ འཛིན་གྲོལ་འབད་ཡོདཔ་ཨིན་པས།
ཕྱི་འབྲེལ་དང་ ཕྱིར་ཚོང་བློན་པོ་དང་ རྒྱ་གར༌གཞུང་ཚབ་ ༢ ཀྱིས་ ཐིམ་ཕུ་ལུ་ཡོད་མི་ ཁེ་ཕན་ཆེ་བའི་ མི་སྡེ་གོང་འཕེལ་ལས་འགུལ་གྱི་ ས་ཁོངས་ཚུ་གི༌ནང་ཡང༌ གཟིགས་སྐོར་གནང་ཡོད་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1391475
Views Today :
Total views : 5000
Who's Online :