
ཨེ་བི་སི།
སྤྱི་ཟླ་ ༤ པའི་ཚེས་ ༣ ལུ་ མ་ཡན་མར་ དམག་སྡེ་གཞུང་གིས་ བཤད་དོ་བཟུམ་འབད་བ་ཅིན་ རྒྱལ་ཁབ་དེ་ནང་ ས་ཡོམ་ཤུགས་ཚད་ མེག་ནི་ཅཱུད་ ༧.༧ རྐྱབ་པ་ལུ་བརྟེན་ཏེ་ ད་ཚུན་གྱི་བར་ན་ ཤི་རྐྱེན་གྱི་ གྱངས་ཁ་དེ་ ༣,༠༨༥ དེ་ཅིག་ལུ་ ཡར་སེང་སོང་ཡོདཔ་ད་ མི་གྲངས་ ༤,༧༡༥ དེ་ཅིག་ལུ་ རྨ་སྐྱོན་བྱུང་པའི་ཁར་ མི་གྲངས་ ༣༤༡ དེ་ཅིག་ཡང་ བྱང་སྟོར་ཤོར་ཏེ་ཡོད་ཟེར་ཨིན་པས།
ས་ཡོམ་དེ་ཡང་ སྤྱི་ཟླ་ ༣ པའི་ཚེས་ ༢༨ ལུ་ མ་ཡན་མར་ ཁྲོམ་ཚོགས་སྦོམ་ཤོས་ཨང་ ༢ པ་ཨིན་མི་ མན་ཌ་ལེ་ཟེར་སར་ རྐྱབ་ཡོདཔ་ད་ ས་ཡོམ་དེ་གིས་ སྒྲིང་ཁྱིམ་དང་ འཁོར་ལམ་ལེ་ཤ་ཅིག་ གཏོར་བཏང་པའི་ཁར་ ཟམ་ཚུ་ཡང་ ཧྲམ་བཏང་ནུག།
དེ་མ་ཚད་ ཁྱིམ་མཚེས་རྒྱལ་ཁབ་ མཐའ་ཡས་ལེན་གྱི་རྒྱལ་ས་ བེང་ཀོག་ལུ་ཡང་ མི་གྲངས་ ༢༢ དེ་ཅིག་ལུ་ ཤི་རྐྱེན་དང་ ༣༥ དེ་ཅིག་ལུ་ རྨ་སྐྱོན་བྱུང་ཡོདཔ་ད་ དེ་སྦེ་ ཤི་རྐྱེན་དང་ རྨ་སྐྱོན་བྱུང་མི་ཚུ་ཡང་ མང་ཤོས་ཅིག་ར་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ སྒྲིང་ཁྱིམ་ཐོག་ཚད་རིངམོ་ཅིག་ རམ་འགྱོ་བའི་ རག་རོ་འོག་ལུ་ ཚུད་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 1150
Users Yesterday : 1379
This Month : 1150
This Year : 229991
Total Users : 941807
Views Today : 2961
Total views : 2742004
Who's Online : 14