
བི་བི་སི།
སྤྱི་ཟླ་ ༤ པའི་ཚེས་ ༨ ལུ་ ལྷོ་ཀོ་རི་ཡའི་ སྲིད་འཛིན་ངོ་ཚབ་ཀྱིས་ སྤྱི་ཟླ་ ༦ པའི་ཚེས་ ༣ ལུ་ སྲིད་འཛིན་གྱི་ བཙག་འཐུ་འགོ་འདྲེན་འཐབ་ནི་ཨིན་པའི་སྐོར་ལས་ གསལ་བསྒྲགས་གནང་ཡོདཔ་ཨིན་པས།
དེ་ཡང་ ན་ཧིང་ སྤྱི་ཟླ་ ༡༢ པའི་ནང་ ཧེ་མའི་སྲིད་འཛིན་ ཡཱུན་སུག་ཡོལ་གྱིས་ དམག་སྡེའི་ཁྲིམས་ལུགས་ གཞི་བཙུགས་འབད་ནི་ཨིན་པའི་ གསལ་བསྒྲགས་འབད་བའི་ ཉེས་འཛུགས་ཐོག་ལུ་ སྤྱི་ཚོགས་ཀྱིས་ སྲིད་འཛིན་ལས་ གནས་དབྱུང་འབད་ནུག།
དེ་བཟུམ་སྦེ་ རྩ་ཁྲིམས་ཅན་གྱི་ ཁྲིམས་འདུན་ལས་ཡང་ ཉེས་འཛུགས་དེ་ལུ་ ཆ་འཇོག་ཐོག་ལས་ སྤྱི་ཟླ་ ༤ པའི་ཚེས་ ༤ ལུ་ སྲིད་འཛིན་གྱི་ གོ་གནས་ལས་ ཕྱིར་བཏོན་འབད་བའི་ཁར་ ཉིན་གྲངས་ ༦༠ གི་ ནང་འཁོད་ལུ་ སྲིད་འཛིན་གྱི་ བཙག་འཐུ་འགོ་འདྲེན་འཐབ་དགོ་པའི་ བཀའ་རྒྱ་ཡང་ གནང་ཡོདཔ་ཨིན་པས།
རྒྱལ་ཁབ་དེ་ནང་ ཧེ་མའི་སྲིད་འཛིན་ ཡཱུན་སུག་ཡོལ་གྱིས་ དམག་སྡེའི་ཁྲིམས་ལུགས་ གཞི་བཙུགས་འབད་ནི་ཨིན་པའི་ གསལ་བསྒྲགས་འབད་བའི་ཤུལ་ལས་ སྲིད་དོན་ཏན་ཏན་མེདཔ་ཐལ་ཏེ་ ཟླ་ངོ་ ༤ དེ་ཅིག་གི་རིང་ལུ་ མི་སེར་ཚུ་ མགུ་ཐོམ་སི་སི་དང་ ཚ་གྱང་ལང་དགོཔ་ བྱུང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 1195
Users Yesterday : 1379
This Month : 1195
This Year : 230036
Total Users : 941852
Views Today : 3057
Total views : 2742100
Who's Online : 5