
མི་དབང་མངའ་བདག་རིན་པོ་ཆེ་མཆོག་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ གཟིགས་སྐོར་ལུ་ ཆིབས་བསྐྱོད་གནང་སྟེ་ ལུང་ཕྱོགས་དེ་ནང་གི་ མི་སེར་དང་ རྫོང་ཁག་ཚུ་གི་ འགོ་དཔོན་ཚུ་དང་ མཇལ་ཕྲད་མཛད་གནང་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་ ༤ པའི་ཚེས་ ༩ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ མེ་རག་ལུ་ ཨེ་ཏོག་མེ་ཏོག་གི་ དུས་སྟོན་བདུན་ཕྲག་ནང་ དབུ་བཞུགས་མཛད་དེ་ ས་ཁ་མཐོ་སའི་ མི་སྡེ་ཚུ་དང་ མཇལ་ཕྲད་མཛད་གནང་ནུག།
དེ་ལས་ སྤྱི་ཟླ་ ༤ པའི་ཚེས་ ༡༠ ལུ་ བཀྲིས་སྒང་ལུ་ ཆིབས་བསྐྱོད་གནང་སྟེ་ བཀྲིས་སྒང་དང་ བཀྲིས་གཡང་རྩེ་ རྫོང་ཁག་ ༢ ཀྱི་ འགོ་དཔོན་ཚུ་དང་ མཇལ་ཕྲད་མཛད་གནང་ཡོདཔ་ཨིན་པས།
སྤྱི་ཟླ་ ༤ པའི་ཚེས་ ༡༡ ལུ་ མི་དབང་མངའ་ཞབས་མཆོག་ རྒྱལ་པོའི་ཞིང་ལུ་ ཆིབས་བསྐྱོད་གནང་སྟེ་ མོང་སྒར་དང་ ལྷུན་རྩེ་རྫོང་ཁག་ ༢ ཀྱི་ འགོ་དཔོན་ཚུ་དང་ མཇལ་ཕྲད་མཛད་གནང་ནུག།
དེ་མ་ཚད་ བོང་སྡེ་མ་ལུ་ཡོད་མི་ རྒྱལ་པོའི་ཞིང་རྒྱལ་སྲུང་སྦྱོང་བརྡར་སྤེལ་ཁང་གི་ རྒྱལ་སྲུངཔ་དང་ བདེ་སྲུངཔ་ཚུ་དང་ཡང་ མཇལ་ཕྲད་མཛད་པའི་ཞོར་ཁར་ བདེ་སྲུང་རིག་རྩལ་ལས་རིམ་ནང་ གྲལ་གཏོགས་འབད་མི་ཚུ་དང་ཡང་ མཇལ་ཕྲད་མཛད་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ བུམ་ཐང་ལུ་ ཆིབས་བསྐྱོད་གནང་ཐོག་ལས་ དེ་ཚེ་ཕྱི་རོ་ཁམས་ཅིག་ཁར་ བུམ་ཐང་དང་ ཀྲོང་གསར་རྫོང་ཁག་གི་ འགོ་དཔོན་ཚུ་དང་ མཇལ་ཕྲད་མཛད་གནང་ནུག།
དེ་བསྒང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ཕྱག་ཞུ་སྟེ་ མི་དབང་རྒྱལ་ཚབ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་དང་ མི་རྗེ་བློན་ཆེན་ བྱོན་ཡོད་པའི་གནས་ཚུལ།




Users Today : 955
Users Yesterday : 1379
This Month : 955
This Year : 229796
Total Users : 941612
Views Today : 2486
Total views : 2741529
Who's Online : 7