ཌོ་མི་ནི་ཀཱན་ རི་པབ་ལིག་ལུ་ ཁྱིམ་ཐོག་རམ་འགྱོ་མིའི་ནང་ མི་གྲངས་ ༢༢༡ ལུ་ཤི་རྐྱེན།

སི་ཨེན་ཨེན།
སྤྱི་ཟླ་ ༤ པའི་ཚེས་ ༡༡ ལུ་ གནས་ཚུལ་དུས་མཐུན་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ཌོ་མི་ནི་ཀཱན་ རི་པབ་ལིག་ལུ་ མིང་གཏམ་ཅན་གྱི་ ནུབ་མོའི་སྤྲོ་སྟོན་ཁང་གི་ ཁྱིམ་ཐོག་བརྡིབས་མིའི་ནང་ མི་གྲངས་ ༢༢༡ དེ་་ཅིག་ལུ་ ཤི་རྐྱེན་བྱུང་ནུག་ཟེར་ཨིན་པས།
དེ་ཡང་ སྤྱི་ཟླ་ ༤ པའི་ཚེས་ ༨ ཀྱི་དྲོ་པར་ ཆུ་ཚོད་ ༡ དེ་ཅིག་ཁར་ ཁྱིམ་ཐོག་བརྡིབས་འགྱོ་མིའི་ནང་ མི་གྲངས་ ༣༠༠ དེ་ཅིག་ཡོད་མིའི་གྲས་ལས་ སྤྱི་ཟླ་ ༤ པའི་ཚེས་ ༩ ལུ་ མི་གྲངས་ ༡༨༤ ལུ་ ཤི་རྐྱེན་བྱུང་ཡོདཔ་སྦེ་ཨིན་རུང་ སྤྱི་ཟླ་ ༤ པའི་ཚེས་ ༡༡ ལུ་ མི་གྲངས་ ༢༢༡ ལུ་ ཡར་སེང་སོང་ནུག།
སྲོག་སྐྱབས་འབད་མི་ཚུ་གིས་ ཁྱིམ་ཐོག་རམ་འགྱོ་མིའི་ནང་ལས་ རྨ་སྐྱོན་བྱུང་མི་ ༡༥༥ བརྩིས་ཏེ་ མི་གྲངས་བསྡོམས་ ༡༨༩ གསོན་པོ་སྦེ་ འཚོལ་ཐོབ་ཡོདཔ་ཨིན་པས།
མ་གཞི་ སྲོག་སྐྱབས་འབད་མི་ཚུ་གིས་ སྲོག་སྐྱབས་ཀྱི་ལཱ་ལུ་ བརྩོན་ཤུགས་བསྐྱེད་དེ་འབད་རུང་ ཁྱིམ་ཐོག་རམ་འགྱོ་མིའི་འོག་ལུ་ མ་ཤི་བར་ཡོད་པའི་ རེ་འདུན་ཐོག་ལས་ ལཱ་དེ་ཚུ་ རིགཔ་འགྱིམ་སྟེ་འབད་དགོཔ་ལས་ དཀའ་ངལ་ཅན་ཅིག་ལུ་ འགྱུར་ཏེ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: